བུའུ་པང་གོ་ཡིས་སི་ལོ་ཝུན་ཉིས་ཡའི་གྲོས་དཔོན་ཀན་ཐ་ཨར་ལ་མཇལ་འཕྲད་གནང་བ།

དཔའ་བརྟན་རྒྱལ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-06-29

བུའུ་པང་གོ་ཡིས་སི་ལོ་ཝུན་ཉིས་ཡའི་གྲོས་དཔོན་ཀན་ཐ་ཨར་ལ་མཇལ་འཕྲད་གནང་བ།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཚེས་ཉེར་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་ལོ་ཝུན་ཉིས་ཡའི་གྲོས་དཔོན་ཀན་ཐ་ཨར་ལ་མཇལ་འཕྲད་གནང་། བུའུ་པང་གོ་ཡིས་རྒྱལ་ཁབ་གཉིས་བར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་གདེང་འཇོག་ཚད་མཐོན་པོ་བྱས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་སི་ལོ་ཝུན་ཉིས་ཡ་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་པའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཀྱི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝུན་ཉིས་ཡ་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་དུ་ཕན་ཚུན་ལ་ཡིད་ཆེས་དང་དཔལ་འབྱོར་མཉམ་ལས་སོགས་ཐད་ཀྱི་ཁྱད་སྟོབས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཉོ་ཚོང་དང་གནས་སྐོར། ཚན་རྩལ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན།
   ཀན་ཐ་ཨར་གྱིས་བཤད་རྒྱུར། ཀྲུང་གོས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་འཕེལ་རྒྱས་སོགས་ཀྱི་ཐད་ནས་དཔེ་སྟོན་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དེས་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་གི་མགོ་ཁྲིད་ནུས་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད་པས། དེ་ནི་ངེས་པ་དོན་གྱིས་བསྟོད་བསྔགས་བྱེད་འོས་པ་ཞིག་རེད་ཟེར། སི་ལོ་ཝུན་ཉིས་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ནས་རྨད་དུ་བྱུང་བའི་གྲུབ་འབྲས་བླངས་ཡོད། སི་ལོ་ཝུན་ཉིས་ཡའི་གྲོས་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་འབྲེལ་བ་བཟང་བོ་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་དུ་སྔར་ལས་བྱས་རྗེས་གང་ལེགས་འཇོག་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གི་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར90ལོན་པར་རྟེན་འབྲེལ་ཞུ
  • དོ་སྣང་ཆེ་བའི་རྩོམ།