ལིས་ཁི་ཆང་གི་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།

ཀླུ་འབུམ་བྱམས།        2011-06-29

ལིས་ཁི་ཆང་གི་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།ལིས་ཁི་ཆང་གི་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙང་ལི་གཞོན་པ་ལིས་ཁི་ཆང་གིས་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁ་ཧོས་ཕུའུ་ཀུང་ཟིའི་ཙུང་ཚེ། ཡི་ཞོར་དུ་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་འཁུར་མཁན་ལིས་ཨེ་ཁི་ལ་མཇལ་འཕྲད་གནང་།
 མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་ཧོས་ཕུའུ་སོགས་རྒྱལ་ཁོངས་བརྒལ་བའི་ཀུང་ཟི་ཡིས་ཀྲུང་གོ་གཉིས་ཕན་མཉམ་ལས་ཟབ་མོ་བྱེད་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ཁྲོད་དུ་ཞུགས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་གསར་ལག་རྩལ་ཐོན་ལས་མཉམ་ལས་གོང་དུ་སྤེལ་བར་ནུས་པ་ཆེན་པོ་འདོན་དགོས་པའི་ཐུགས་རེ་བཏོན།
 ལིས་ཨེ་ཁི་ཡིས་ཀྱང་ཧོས་ཕུའུ་ཀུང་ཟི་ཡིས་ཀྲུང་གོར་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཀྲུང་གོའི་གློག་རྡུལ་ཆ་འཕྲིན་ཐོན་ལས་བར་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཏང་བཙུགས་ནས་ལོ་90སླེབས་གྲབས་ཡོད་སྐབས་རྒྱལ་ཡོངས་ཀྱི་བྱིས་པའི་སེམས་པ་ཏང་ལ་འཁོར་ཞེས་པའི་གླུ་ལེན་བྱེད་སྒ
  • ལེ་ཚན་རྗེས་མ།:བུའུ་པང་གོ་ཡིས་སི་ལོ་ཝུན་ཉིས་ཡའི་གྲོས་དཔོན་ཀན་ཐ་ཨར་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།