ཏང་བཙུགས་ནས་ལོ་90སླེབས་གྲབས་ཡོད་སྐབས་རྒྱལ་ཡོངས་ཀྱི་བྱིས་པའི་སེམས་པ་ཏང་ལ་འཁོར་ཞེས་པའི་གླུ་ལེན་བྱེད་སྒོ་དྲ་བའི་ཐོག་ནས་གཏོང་འགོ་ཚུགས་པའི་མཛད་སྒོ་དེ་ཅི་ནན་ལ་སྤེལ་བ།

        2011-06-07

ཞིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་བ་5པའི་ཚེས31ཉིན་རྒྱལ་ཡོངས་ཀྱི་བྱིས་པའི་སེམས་པ་ཏང་ལ་འཁོལ་ཞེས་པའི་གླུ་ལེན་བྱེད་སྒོ་དེ་དྲ་བའི་ཐོག་ནས་གཏོང་འགོ་ཚུགས་པའི་མཛད་སྒོ་དེ་ཅི་ནན་ལ་སྤེལ་བ།
      ཐེངས་དེའི་བྱེད་སྒོ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་། སློབ་གསོ་པུའུ། གུང་གཞོན་ཚོགས་པའི་ཀྲུང་དབྱང་། རྒྱལ་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་དང་མཉམ་དུ་གཙོ་གཉེར་བྱས་པ་དང་།བྱེད་སྒོའི་ནང་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཡོང་བའི་བྱིས་པའི་གླུ་དབྱངས་ལེ་ཚན་དེ་ཀྲུང་གོའི་དཔལ་ཡོན་དྲ་བ་དང་། ཞིན་ཧྭ་དྲ་བ། མི་དམངས་དྲ་བ། འོད་གསལ་དྲ་བ། ཀྲུང་གོའི་རྒྱང་བསྒྲགས་དང་བརྙན་འཕྲིན་གྱི་དྲ་བ། ཀྲུང་གོ་དྲ་བའི་བརྙན་འཕྲིན་ཁང་། ཀྲུང་གོའི་གཞོན་ནུ་དྲ་བ། ཀྲུང་གོའི་བུད་མེད་དྲ་བ། ཀྲུང་གོའི་ལོ་ན་མ་སོན་པའི་ཕྲུ་གུའི་ཆེད་གཏོགས་དྲ་བ། ཀྲུང་གོའི་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོའི་དྲ་བ། རྒྱལ་ཡོངས་ཀྱི་དྲ་བའི་ཐོག་གི་ཁྱིམ་བདག་དང་སློབ་གྲྭ  ས་གནས་གསར་འགྱུར་གྱི་གློག་དྲ་ས་ཚུགས་སོགས་ཀྱི་ཐོག་ནས་བཏང་ནས། ལོ་ན་མ་སོན་པའི་ཕྲུ་གུའི་བསམ་བློའི་ཀུན་སྤྱོད་འཛུགས་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལོ་ན་མ་སོན་པའི་ཕྲུ་གུའི་ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་སོགས་ལ་གཅེས་པའི་བརྩེ་སེམས་སྣོན་རྒྱུ་རེད།
ཚེས31ཉིན་ཅི་ནན་གྲོང་ཁྱེར་ཝེ་ཧྭ་སློབ་ཆུང་གི་ཞབས་བྲོ་ཚོགས་པས་《གསར་བརྗེའི་གླུ་དབྱངས》མཉམ་ལེན་བྱས་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི4000ལྷག་བཏང་ནས་བོད་ལྗོངས་ཀྱི་དངོས་པོ་མིན་པའི་རིག་ག
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གི་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།