རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི4000ལྷག་བཏང་ནས་བོད་ལྗོངས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལ་སྲུང་སྐྱོང་བྱས།

        2011-06-07

ཞིང་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ5པའི་ཚེས22ཉིན་འབྱོར་བའི་གློག་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་རྒྱུར།2005ལོར་བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་དངོས་པོ་མིན་པའི་ ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པའི་ལས་གྲྭ་སྤེལ་འགོ་ཚུགས་པ་ནས་བཟུང་། རྒྱལ་ཁབ་དང་རང་སྐྱོང་ས་ཁུལ་གྱིས་སྔོན་རྗེས་སུ་ཆེད་སྤྱོད་མ་དངུལ་སྒོར་ཁྲི4000ལྷག་བཏང་ནས་བོད་ལྗོངས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་པ་དང་། མ་དངུལ་འཇོག་གྲངས་ལོ་ལྟར་རིམ་འཕར་བྱུང་བ་དང་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་དེ་ཤུགས་སྣོན་བརྒྱབ་པ་རེད།   རང་སྐྱོང་ས་ཁུལ་གྱི་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་རྒྱུར། 2006ལོར་ལོ་600ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ལྷ་མོ་ཟློས་གར་དེ་ཀྲུང་གོའི་ཚོ་དང་པོའི་རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོ་ནང་བཀོད་པ་དང་། 2009ལོར་བོད་ཀྱི་ལྷ་མོ་ཟློས་གར་དེ་ཡང་མཉམ་འབྲེལ་རྒྱལ་ཁབ་ཀྱི་སློབ་གསོ་དང་།ཚན་རྩལ། རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྩོམ་ཡིག་ནང་བཀོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཆོས་སྒྲ་དང་། སྲོལ་རྒྱུན་གྱི་རོལ་དབྱངས། ཞབས་བྲོ།ལྷ་མོའི་ཟློས་གར། བོད་ཀྱི་པང་གདན།བོད་གྲིའི་ལག་རྩལ།ཁ་གདན་ཐགས་དྲུབས།བོད་ཀྱི་ཤོག་བུ་བཟོ་ཚུལ། སྲོལ་རྒྱུན་གྱི་སྨན་བཅོས་སོགས་བོད་ལྗོངས་ལ་མིག་སྔར་མིའི་རིགས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་ཚབ་བྱེད་རྣམ་གྲངས2(གེ་སར་དང་། བོད་ཀྱི་ལྷ་མོ་ཟློས་གར།)ཡོད་པ་དང་། རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་60ཡོད་པ། རང་སྐྱོང་ས་ཁུལ་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་ཚབ་བྱེད་རྣམ་གྲངས222ཡོད་པ། རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་ཚབ་བྱེད་རྣམ་གྲངས་ཀྱི་བརྒྱུད་འཛིན་མི་གྲངས53ཡོད་པ། རང་སྐྱོང་ས་ཁུལ་རིམ་པའི་ཚབ་བྱེད་བརྒྱུན་འཛིན་མི་གྲངས134ཡོད་པ། མིག་སྔའི་བར་དུ་སླེབས་དུས་རིགས་སྣ་ཚོགས་ཀྱི་བརྒྱུད་འཛིན་དཔུང་སྡེ་དེ་མི་གྲངས་ཁྲི2ལྷག་ལ་གོང་འཕེལ་ཡོང་བ་རེད།
  • ལེ་ཚན་སྔོན་མ།:གླུ་མ་འཕྱོངས་ཞོལ་སྒྲོལ་མས་ནུབ་བྱང་མི་རིགས་སློབ་ཆེན་ནས་རང་གི་གླུ་ལེན་ཆེད་ཚོགས་བསྒྲུབས་པ།
  • ལེ་ཚན་རྗེས་མ།:ཏང་བཙུགས་ནས་ལོ་90སླེབས་གྲབས་ཡོད་སྐབས་རྒྱལ་ཡོངས་ཀྱི་བྱིས་པའི་སེམས་པ་ཏང་ལ་འཁོར་ཞེས་པའི་གླུ་ལེན་བྱེད་སྒ
  • དོ་སྣང་ཆེ་བའི་རྩོམ།