ཚེ་བཀྲ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-06-03
ལུགས་གསར་གྱི་ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན་གྱི་དགོང་མོ། མིང་དུ་གྲགས་པའི་གཞོན་སྐྱེས་གླུ་མ་འཕྱོངས་ཞོལ་སྒྲོལ་མའི་རང་གི་མ་ཡུམ་སློབ་གྲྭ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་ནས་རང་གི་གླུ་ལེན་ཆེད་ཚོགས་བསྒྲུབས་པ་རེད། ལོ་དགུ་ལ་སོན་མ་ཐག་ནས་ལན་གྲུ་གྲོང་ཁྱེར་དུ་སློབ་སྦྱོང་དུ་འོང་པའི་གླུ་མ་ཁོ་ནི་བོད་ཁམས་ཀྱི་རྒྱ་ཆེའི་ལྟད་མོ་བ་དང་ཉན་མཁན་དག་ལ་མཚོན་ན། ཆེས་གསལ་ཆ་ཡོད་པའི་གླུ་མ་ཞིག་ག་ལ་མིན་ཏེ། ཁོ་མོའི་ཐུན་མིན་གྱི་གླུ་ངག་དེས་ང་ཚོ་ལ་གླུ་གཞས་རོལ་མྱོང་གི་ནམ་མཁའ་གཞན་ཞིག་བསྩལ་པར་མ་ཟད། ཉན་མཁན་མང་པོ་ཞིག་གིས་ཁོ་མོ་བོད་ཁུལ་གྱི“ཀྲང་ཧྭེ་མའེ”ཞེས་ཀྱང་འབོད་བཞིན་ཡོད། ཁོ་མོའི་ད་ལྟའི་བར«ཧི་མ་ལ་ཡ་བརྒལ་པ»དང«གནམ་མཐའི་ལྷ་ས»ཞེས་པ་གཉིས་འགྲེམ་སྤེལ་བྱས་ཟིན་པ་དང་ཁོ་མོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱ་སྐབས་བཤད་རྒྱུར། སྤྱིར་ད་ལྟའི་དུས་འདིར་རང་ཉིད་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་འཁྲབ་སྟོན་དུ་བསྐྱོད་བཞིན་ཡོད་པ་དང་རང་གི་ཁྱིམ་གཞིས་ཀྱང་པེ་ཅིན་ནས་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་ལན་གྲུ་ནི་རང་ཉིད་ལ་མཚོན་ན་ཕ་ཡུལ་གཉིས་པ་ཡིན་ལ་ད་ནི་ཕྱིར་རང་གི་ཕ་ཡུལ་དང་མ་ཡུམ་སློབ་གྲྭར་ལོག་ནས་རང་གི་དགེ་རྒན་རྣམས་ལ་ལོ་འདི་འགའི་རིང་གི་གྲུབ་འབྲས་དང་འཚར་ལོངས་ཁོ་ཚོའི་མངོན་སུམ་སྤྱོད་ཡུལ་དུ་འབུལ་བའི་གོ་སྐབས་དེ་སྨིན་སོང་པ་རེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10