བཀྲ་ཤིས་འབུམ། མཚོ་སྔོན་བོད་སྐད་རླུང་འཕྲིན 2011-06-29
ཚོགས་ཆེན་སྟེང་བང་ཞོ་ཆིན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་གསར་དུ་བཟོ་བཅོས་བྱས་པའི«མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་དངོས་འབེབས་བྱེད་པའི་ལག་བསྟར་བྱེད་ཐབས།»དང་ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ཏང་འཛུགས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། དཀྱིལ་སྙིང་ལ་ཞབས་ཕྱི་བསྒྲུབ་པ་དང་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ལས་འགན་ཆེན་པོ་གཉིས་གསལ་བོར་ཤེས་པར་བྱེད་པ་དང་། ཧུར་ཐག་སྒོས་སྔོན་ཐོན་བསྐྲུན་ཞིང་ཕུལ་བྱུང་བརྩོན་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་དེ་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་མདུན་གྲས་སུ་བསྐྱོད་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10