ཟི་ལིང་ལྷོ་སྐོར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།

བདེ་སྐྱིད་འཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-06-01

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཛུགས་སྐྲུན་ལས་གཞི་གལ་ཆེན་ཏེ། ཟི་ལིང་ལྷོ་སྐོར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པའི་མཛད་སྒོ་ཚོ་ཅ་པུའུ་ལམ་གླ་ལེན་ས་ནས་གཟབ་རྒྱས་ངང་བསྡུས། རྒྱུས་ལོན་བྱུང་བ་ལྟར་ན། སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གོ་བཞི་ལྷག་གཏོང་རྒྱུ་ཡིན་པའི་མྱུར་བགྲོད་གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་རེ་གཅིག་ཡོད་པ་དང་ཕལ་ཆེར་ལོ་བཞིའི་རིང་ལ་འཛུགས་སྐྲུན་བྱེད་རྒྱུ་རེད། དེ་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་ཚད་ཆེས་མང་ཞིང་། ལག་རྩལ་གྱི་རིམ་པ་དང་ཚན་རྩལ་འདུས་ཚད་ཆེས་མཐོ་བའི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཐོག་དང་པོར་ཇུས་འགོད་ཨར་ལས་སྤྱིའི་འགན་ལེན་གྱི་དཔེ་དབྱིབས་བཀོལ་ནས་འཛུགས་སྐྲུན་བྱེད་པའི་མྱུར་བགྲོད་གཞུང་ལམ་ཡང་རེད།
  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་གྱིས་བཟོ་སྐྲུན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་བང་ཅན་ཅོན་གྱིས་མཛད་སྒོར་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སངས་རྒྱས་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་བེ། དེ་མིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་དང་ཟི་ལིང་། མཚོ་ཤར་ས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བ་མཛད་སྒོར་ཞུགས།
 ལོ་ཡུས་ལིན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ལྷོ་སྐོར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཀྱང་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པས། འབྲེལ་ཡོད་ཕྱོགས་སོ་སོས་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་དུས་ལྟར་ཐག་བཅད་དེ། བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཟེར།
  • ལེ་ཚན་སྔོན་མ།:འདས་པའི་ལོ་ལྔའི་ནང་མཚོ་སྔོན་བོད་ཁུལ་གྱི་རོང་འབྲོག་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མས་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ
  • དོ་སྣང་ཆེ་བའི་རྩོམ།