འདས་པའི་ལོ་ལྔའི་ནང་མཚོ་སྔོན་བོད་ཁུལ་གྱི་རོང་འབྲོག་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ།

ཚེ་རིང་སྒྲོལ་མ།        2011-06-01

ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་བོད་ཁུལ་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་མ་དངུལ་གཏོང་བའི་ཤུགས་ཚད་ཆེ་རུ་བཏང་སྟེ། བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་དང་། འཚོ་བའི་ཆུ་ཚད། འཛད་སྤྱོད་གྲུབ་ཚུལ། སྡོད་གནས་ཆ་རྐྱེན། ཉེར་མཁོའི་དངོས་རྫས་ཡོད་ཚད་སོགས་ཕྱོགས་ལྔའི་ཐད་ལ་འགྱུར་ལྡོག་མངོན་གསལ་བྱུང་ཡོད། བོད་ཁུལ་གྱི་དཔལ་འབྱོར་ལ་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་།
 རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱིའི་རུ་ཁག་གིས་གསར་དུ་སྡོམ་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་ལོར་མཚོ་སྔོན་བོད་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་དྲུག་གི་རོང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར་མོ་སྟོང་བཞི་དང་དྲུག་ཅུ་རེ་གཅིག་ལ་བསླེབས་པ་དང་། དེ་ཉིས་སྟོང་ལྔ་ལོ་ལས་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་ལྔ་གཉིས་འཕར་ལ། ཆ་སྙོམས་ལོ་རེར་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གསུམ་ལྔ་འཕར། མཚོ་སྔོན་བོད་ཁུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་འཚོ་བའི་འགྲོ་གྲོན་སྒོར་མོ་སྟོང་གསུམ་དང་ཉིས་བརྒྱ་སོ་དྲུག་ལྷག་ཡིན་ལ། དེ་ཉིས་སྟོང་ལྔ་ལོ་ལས་བརྒྱ་ཆའི་གྱ་གཅིག་ལྷག་འཕར། དེ་དང་ཆབས་ཅིག་ཉིས་སྟོང་བཅུ་ལོར་མཚོ་སྔོན་བོད་ཁུལ་གྱི་རོང་འབྲོག་པའི་ཁྱིམ་ཚང་གི་སྒྲིག་ཆས་དང་། འགྲིམ་འགྲུལ་བརྡ་འཕྲིན། རིག་གནས་རོལ་རྩེད། སྨན་བཅོས་བདེ་སྲུང་སོགས་ཀྱི་ཐད་ནས་མི་རེའི་ཆ་སྙོམས་སྒོར་མོ་བརྒྱད་བརྒྱ་དང་ང་བཞི་ལྷག་འཛད་སྤྱོད་བྱས་པ་དང་དེ་ཉིས་སྟོང་ལྔ་ལོ་ལས་བརྒྱ་ཆའི་གོ་བཞི་ལྷག་འཕར་ཞིང་། དེས་འཚོ་བའི་འཛད་སྤྱོད་སྤྱིའི་བརྒྱ་ཆའི་ཉེར་དྲུག་ལྷག་ཟིན་ཡོད་ལ། ཉིས་སྟོང་ལྔ་ལོ་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་ཀྱིས་ཇེ་མཐོར་སོང་།
 རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱིའི་རུ་ཁག་གི་སྤྱིའི་རུ་གཙོ་གཞོན་པ་བང་ཞའོ་ཅུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། འདས་པའི་ལོ་ལྔའི་རིང་ལ་རོང་འབྲོག་ཁུལ་དུ་ཞིང་སྡེའི་ཉེན་ཁ་ཆེ་བའི་ཁང་པ་སྒྱུར་བཅོས་བྱེད་པ་དང་། རོང་འབྲོག་པའི་གཏན་སྡོད་ཁང་པའི་བཟོ་སྐྲུན་སོགས་སྲིད་ཇུས་ལག་བསྟར་བཟང་པོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་བྱུང། ཉིས་སྟོང་བཅུ་ལོར་མཚོ་སྔོན་བོད་ཁུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ཁང་གི་ཆེ་ཆུང་མུས་གྲུ་བཞི་མ་བཅུ་དྲུག་དང་གྲངས་ཆུང་བདུན་དྲུག་ཡིན་པ་དང་། དེ་ཉིས་སྟོང་ལྔ་ལོ་ལས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་དྲུག་གསུམ་འཕར།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཟི་ལིང་ལྷོ་སྐོར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།