བུའུ་པང་གོ་ཡིས་མར་ཏེ་ཝུན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཞི་ཏི་ལ་མཇལ་འཕྲད་གནང་བ།

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-05-31

བུའུ་པང་གོ་ཡིས་མར་ཏེ་ཝུན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཞི་ཏི་ལ་མཇལ་འཕྲད་གནང་བ།བུའུ་པང་གོ་ཡིས་མར་ཏེ་ཝུན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཞི་ཏི་ལ་མཇལ་འཕྲད་གནང་བ།
 

ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། མར་ཏེ་ཝུན་རྒྱལ་ཁབ་དུ་དངོས་གཞིའི་མཛའ་མཐུན་མཚམས་འདྲི་མཛད་བཞིན་པའི་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་མཱ་ལོས་གྲོས་ཁྱེར་ནས་མར་ཏེ་ཝུན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཞི་ཏི་ལ་མཇལ་འཕྲད་གནང་།

 ས་དེའི་དུས་ཚོད་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་བུའུ་པང་གོ་ཡིས་ཙུང་ཐུང་བཞུགས་ཤག་ནས་མར་ཏེ་ཝུན་རྒྱལ་ཁབ་ཀྱི་ཙང་ཐུང་ན་ཞི་ཏི་ལ་མཇལ་འཕྲད་གནང་། ཕྱོགས་གཉི་ཀས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་བྱས།
 བུའུ་པང་གོ་ཡིས་ཐོག་མར་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཙུང་ཐུང་ན་ཞི་ཏི་ལ་སྙིང་ཉེ་བའི་ངང་ནས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ཁོང་གིས་མར་ཏེ་ཝུན་སྐབས་རིམ་བྱུང་སྲིད་གཞུང་གིས་ཐེ་ཝན་དང་བོད་ལྗོངས། ཞིན་ཅང་བཅས་ལ་འབྲེལ་བ་ཡོད་པའི་གནད་དོན་དང་ཀྲུང་གོའི་ཁེ་ཕན་གཙོ་བོར་རག་ལས་པའི་གནད་དོན་ཐད་ནས་ཀྲུང་གོའི་ཕྱོགས་ལ་རྦད་ཆོད་ཀྱི་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་ལ་བསྔགས་བརྗོད་དང་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་། ཀྲུང་གོ་དང་མར་ཏེ་ཝུན་རྒྱལ་ཁབ་བར་གྱི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྲིད་གཞུང་དང་གྲོས་ཁང་། སྲིད་ཏང་སོགས་ཕྱོགས་སོ་སོའི་བར་གྱི་མཛའ་མཐུན་འགྲོ་འོངས་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ཁྱབ་ཁོངས་ཁག་ཏུ་དངོས་གཉེར་མཉམ་ལས་ཟབ་མོ་བྱས་ཏེ། ཀྲུང་གོ་དང་མར་ཏེ་ཝུན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་ཇེ་བཟང་དུ་འགྱུར་བར་ཡར་སྐུལ་གཏོང་འདོད་ཡོད་ཅེས་གསུངས།
 བུའུ་པང་གོ་མར་ཏེ་ཝུན་ནི་གནས་སྐོར་ཐོན་ཁུངས་དང་ཉ་ལས་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་པས། རེ་བ་ལ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ་དང་། གནས་སྐོར་དང་ཉ་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཐབས་ལམ་དང་སྒྲུབ་སྟངས་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཕྱོགས་གཉིས་ཀའི་དཔལ་འབྱོར་ཉོ་འཚོང་ལས་ཀྱི་རིམ་པ་སྔར་ལས་ཇེ་མཐོར་གཏོང་བ་དང་གཞི་ཁྱོན་སྔར་ལས་རྒྱ་སྐྱེད་དགོས་ཞེས་ནན་གྱིས་བསྟན། 
 མཇལ་འཕྲད་མཇུག་རྫོགས་རྗེས། ཨུ་ཡོན་ཀྲང་བུའུ་པང་གོ་དང་ཙུང་ཐུང་ན་ཞི་ཏི་གཉིས་མཉམ་དུ་ཀྲུང་གོ་དང་མ་ཏེ་ཝུན་རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་བར་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་མཐུན་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

  • ལེ་ཚན་སྔོན་མ།:《ཀྲུང་ཧྭའི་བཀའ་བསྟན་འགྱུར་ཆེན་པོའི》(བོད་ཡིག་ཚན་ཁག)པར་དུ་བསྐྲུན་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།