《ཀྲུང་ཧྭའི་བཀའ་བསྟན་འགྱུར་ཆེན་པོའི》(བོད་ཡིག་ཚན་ཁག)པར་དུ་བསྐྲུན་པ།

དབྱངས་ཅན་གྱིས་བསྒྱུར།        2011-05-30

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ5པའི་ཚེས24ཉིན་འབྱོར་བའི་གློག་འཕྲིན།གསར་འགོད་པས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཤེས་རྟོགས་བྱུང་རྒྱུར། 《ཀྲུང་ཧྭའི་བཀའ་བསྟན་འགྱུར་ཆེན་པོའི་》ལས(བོད་ཡིག་ཚན་ཁག)དཔེ་སྡུར་དང་།རྩོམ་སྒྲིག  པར་སྐྲུན་བཅས་ཀྱི་ལས་ཀ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ།《ཀྲུང་ཧྭའི་བཀའ་བསྟན་འགྱུར་ཆེན་པོའི་》(བོད་ཡིག་ཚན་ཁག) དེབ232དེ་2005ལོའི་ལེགས་འགྲུབ་བྱུང་ཟིན་པའི《ཀྲུང་ཧྭའི་བཀའ་བསྟན་འགྱུར་ཆེན་པོའི་》(རྒྱ་ཡིག་ཚན་ཁག)དང་མཉམ་དུ་བསྡེབས་ནས་ཆ་ཚང་བའི་《ཀྲུང་ཧྭའི་བཀའ་བསྟན་འགྱུར་ཆེན་པོའི་》གྲུབ་ཟིན་པ་རེད།
    1987ལོའི་ཟླ་བ5པའི་ཚེས20ཉིན་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་།“ཀྲོང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་བསྟན་བཅོས་ཆེན་པོའི་དཔེ་སྡུར་ཅུས་”བཙུགས་པར་མ་ཟད་ཁྲེན་ཏུའུ་ལ་གཞུང་ལས་ཁང་བཙུགས་ནས། 《ཀྲུང་ཧྭའི་བཀའ་བསྟན་འགྱུར་ཆེན་པོའི་》(བོད་ཡིག་ཚན་ཁག)གི་པར་སྐྲུན་ལས་ཀ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
   《བཀའ་འགྱུར་》དང་《བསྟན་འགྱུར》གྱི་པར་གཞི་ཆེན་པོ་གཉིས་ནི་སྡེ་དགེའི་པར་གཞི་ཡིས་མ་ཡིག་བྱས་པ་དང་། ལི་ཐང་དང་། པེ་ཅིན།ལྷ་ས་སོགས་ཀྱི་དེབ་ནི་དཔྱད་གཞི་དང་དཔེ་ལྟ་སའི་དེབ་བྱས་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན།ལོ་རྒྱུས་ཐོག་གི་པར་གཞི་དང་བསྡུར་ན།《ཀྲུང་ཧྭའི་བཀའ་བསྟན་འགྱུར་ཆེན་པོའི་》(བོད་ཡིག་ཚན་ཁག)《བཀའ་འགྱུར》ལ་དེབ108ཡོད་པ་དང་། 《བསྟན་འགྱུར་》ལ་དེབ124ཡོད་པའི་ཁྱད་ཆོས་གཙོ་བོ་ནི་ལོ་རྒྱུས་ཐོག་བཟོ་བཅོས་བྱས་པའི་གནས་ཚུལ་ལ་བལྟས་ན་ཐེངས་འདིར་ལེགས་སྒྲིག་དང་པར་སྐྲུན་གྱི་ལས་ཀ་དེ་ལོ་རྒྱུས་དང་། གཞི་ཁྱོན། མ་དངུལ་འཇོག་ཚད་སོགས་སྔར་ཡོད་མ་མྱོང་བ་དང་། གཞི་ཁྱོན་ཆེ་བ་དང་། དུས་ཡུན་རིང་བ། ཞུགས་མཁན་མི་གྲངས་ཆེས་མང་བའི་རྣམ་གྲངས་ཞིག་ཡིན། ཞུ་དག་དང་དཔྱད་བསྡུར་གྱི་པར་གཞི་ཆེས་མང་ཞིང་གྲུབ་འབྲས་ནི་ལོ་རྒྱུས་ལོ་གི་པར་གཞི་གང་ལས་ཀྱང་ཆ་ཚང་དང་སྤུས་ཚད་ཆེས་མཐོ་བ།ཐེངས་དང་པོར་དེང་རབས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཡོངས་བསྒྲགས་སུ་པར་བསྐྲུན་དང་འགྲེམ་སྤེལ་བྱས་པ་དང་།དཔེ་ཆ་བཟོ་སྟངས་མཛེས་པ་དང་།ཡིག་གཟུགས་གསལ་པོ་ཡིན་པ།ཀློག་སྟབས་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད།
  • ལེ་ཚན་སྔོན་མ།:ཀན་སུའུ་ཞིང་ཆེན་གྱིས་ཐོག་དང་པོར་བོད་ཀྱི་རྣམ་ཐར་ཟློས་གར་འཁྲབ་གཞུང་ལེགས་སྒྲིག་བྱས།
  • ལེ་ཚན་རྗེས་མ།:བུའུ་པང་གོ་ཡིས་མར་ཏེ་ཝུན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཞི་ཏི་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།