ལྷ་སའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྟེང་མ་དངུལ་སྒོར་དུང་ཕྱུར466ལྷག་གི་གན་རྒྱ་བཞག་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-09-12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།དུས་ཡུན་ཉིན་གཉིས་རིང་གི་ལྷ་སའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཚོགས་འདུ་ཟླ8པའི་ཚེས26ཉིན་མཇུག་རྫོགས་ཤིང་།གྲོས་མོལ་ཚོགས་འདུ་སྟེང་བསྡོམས་པས་དངུལ་གཏོང་རྣམ་གྲངས86ལ་གན་རྒྱ་བཞག་པ་དང་།སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར466.615ལ་སླེབས་ཡོད།གན་རྒྱ་བཞག་པའི་རྣམ་གྲངས་ཁྲོད་གནས་སྐོར་དང་།ཚན་རྩལ།རིག་གནས།ཟས་རིགས་དང་སྨན་རྫས།ཞིང་ལས་གསར་སྤེལ།ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་མང་པོ་འདུས།
ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཧི་ཧྲུག་སོན་གྱིས་བཤད་རྒྱུར།ཐེངས་འདིའི་གྲོས་མོལ་ཚོགས་འདུ་སྟེང་གན་རྒྱ་བཞག་པའི་རྣམ་གྲངས86ཁྲོད།དངོས་སུ་གན་རྒྱ་བཞག་པའི་རྣམ་གྲངས54ཡོད་པ་དང་།བསྡོམས་པས་མ་དངུལ་སྒོར་དུང་ཕྱུར81.201བཏང་།གན་རྒྱ་འཇོག་འདོད་ཡོད་པའི་རྣམ་གྲངས32ཡོད་པ་དང་།མ་དངུལ་གཏོང་ཚད་བསྡོམས་པས་སྒོར་དུང་ཕྱུར385.45ཡོད།སྐབས་སྔོན་མའི་ཞོ་སྟོན་དུས་ཆེན་སྟེང་གི་གྲོས་མོལ་ཚོགས་འདུ་དང་བསྡུར་ན།ཐེངས་འདིའི་གྲོས་མོལ་ཚོགས་འདུ་སྟེང་གན་རྒྱ་བཞག་པའི་རྣམ་གྲངས56.36%འཕར་ཡོད་དེ།གན་རྒྱ་བཞག་པའི་མ་དངུལ370%འཕར་ཡོད་ཟེར།  །
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་མང་ཆེ་བས་སྐད་གཉིས་ཐོག་ནས་སློབ་ཁྲིད་བྱེད་པ།
  • ལེ་ཚན་རྗེས་མ།:གཙང་གི་གཟིགས་མོ་ཆེན་པོའི་དུས་སྟོན་བཀྲ་ཤིས་ལྷུན་པོ་དགོན་པ་ནས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།