གཙང་གི་གཟིགས་མོ་ཆེན་པོའི་དུས་སྟོན་བཀྲ་ཤིས་ལྷུན་པོ་དགོན་པ་ནས་སྤེལ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-09-15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གཙང་གི་གཟིགས་མོ་ཆེན་པོ་ནི་བོད་ཟླ་བརྒྱད་པའི་ནང་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་ཉེ་འཁོར་དུ་སྤེལ་བའི་སེར་སྐྱ་མང་ཚོགས་ལྷན་འཛོམས་ཀྱིས་འཆམ་ལ་གཟིགས་པའི་དུས་ཆེན་ཞིག་རེད།
དེ་ནི་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གི་སྐབས་ནས་བྱུང་སྟེ་ད་བར་ལོ་ཉིས་བརྒྱ་ཙམ་འགོར་བ་དང་།པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མའི་སྐབས་སུ་དགོན་པ་གཞན་པའི་འཆམ་གྱི་ལེགས་ཆ་བསྡུས་པས་སྔར་ལས་འཁྲུག་ཆ་དོད་ཅིང་འཐུས་སྒོ་ཚང་བར་བཟོས།འཁྲབ་སྟོན་གཙོ་བོ་ནི་བཀྲས་ལྷུན་རྩེ་མགོན་ཁང་གྲྭ་ཚང་ནས་འཁྲབ་སྟོན་བྱེད་པའི་འཆམ་གཟིགས་ལྟད་མོ་ཡིན་ཞིང་།ཞོར་དུ་ལྷ་མོའི་འཁྲབ་སྟོན་དང་དམངས་ཁྲོད་ཀྱི་རིག་རྩལ་སྣ་ཚོགས་དུས་ཡུན་ཉིན་གཉིས་གསུམ་རིང་ལ་སྤེལ་བཞིན་ཡོད།
ད་ལྟ་དུས་རབས་ཀྱི་འཕོ་འགྱུར་དང་ཡུལ་སོ་སོའི་གོམས་གཤིས་ཀྱི་ཤུགས་རྐྱེན་འོགལོ་རེའི་དུས་མཆོད་སྐབས་ཆོས་ལུགས་ཀྱི་བྱེད་སྒོ་ལས་ཡོངས་སུ་བརྒལ་ཏེ་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་བསྐང་ཆེད་དུ་སྔར་གྱི་གར་འཆམ་ཁོ་ནར་གཟིགས་པའི་ལྟད་མོ་དེ་དག་དེང་སྐབས་སྤྱི་ཚོགས་རྙིང་བ་དང་བསྡུར་ན་རྒྱ་ཇེ་ཆེ་དང་རྣམ་གྲངས་ཕུན་སུམ་ཚོགས་པར་བཏང་སྟེ།མང་ཚོགས་རང་བཞིན་གྱི་དུས་ཆེན་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།  ། 
  • ལེ་ཚན་སྔོན་མ།:ལྷ་སའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྟེང་མ་དངུལ་སྒོར་དུང་ཕྱུར466ལྷག་གི་གན་རྒྱ་བཞག་པ།
  • ལེ་ཚན་རྗེས་མ།:མངའ་རིས་ཀྱིས་སྐྲུན་བཞིན་པའི་ལས་གྲྭའི་བདེ་འཇགས་ལ་ཞིབ་བཤེར་བྱས།
  • དོ་སྣང་ཆེ་བའི་རྩོམ།