བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་མང་ཆེ་བས་སྐད་གཉིས་ཐོག་ནས་སློབ་ཁྲིད་བྱེད་པ།

ཀྲུང་གོའི་བོད་ལྗོངས་དྲ་བ།        2014-09-12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ9པའི་ཚེས10ནི་རྒྱལ་ཡོངས་ཀྱི་དགེ་རྒན་དུས་ཆེན་ཐེངས་༣༠པ་དེ་ཡིན་པ་རེད།ཉེ་བའི་ལོའི་རིང་བོད་ལྗོངས་སུ་སྒེར་སེམས་མེད་པར་རང་ནུས་གང་ཡོད་ལེགས་སྐྱེས་སུ་ཕུལ་མཁན་གྱི་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་སྤྱི།ཕུལ་བྱུང་གི་སློབ་གསོའི་ལས་དོན་པ་འབོར་ཆེན་ཞིག་ཐོན་ཡོད།བསྡོམས་རྩིས་བྱས་པར་གཞིགས་ན།བོད་ལྗོངས་སུ་སྐད་གཉིས་ཀྱི་དགེ་རྒན་མི་གྲངས་ཁྲི་༢.༨༩ཟིན་པ་དང་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི78.32%ཟིན་ཡོད་པ་རེད།
སྔོན་ཐོན་ལ་གཟེངས་བསྟོད་དང་དགེ་རྒན་དང་སློབ་གསོའི་ལས་དོན་པའི་ཧུར་བརྩོན་རང་བཞིན་ལ་བསྟོད་སྐུལ་བྱ་ཆེད།བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཤང་ལྟེ་བའི་སློབ་ཆུང་ཏང་ཀྲེ་པུའུ་སོགས་གཞི་རིམ་གྱི་ཏང་སྒྲིག་འཛུགས20“ལྗོངས་ཡོངས་ཀྱི་སློབ་གསོའི་མ་ལག་གི་སྔོན་ཐོན་གཞི་རིམ་ཏང་སྒྲིག་འཛུགས”གི་གཟི་བརྗིད་མཚན་སྙན་གནང་རྒྱུ་དང་།ཁྲེན་ཧྥང་ཀོང་སོགས་བློ་མཐུན30“ལྗོངས་ཡོངས་ཀྱི་སློབ་གསོའི་མ་ལག་གི་ཕུལ་བྱུང་ཏང་དོན་ལས་དོན་མཁན” གྱི་གཟི་བརྗིད་མཚན་སྙན་གནང་རྒྱུ།ཀྲའོ་ཧུང་ལིན་སོགས་བློ་མཐུན100“ལྗོངས་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་གནང་རྒྱུ།བསམ་པ་ལྷུན་གྲུབ་སོགས་བློ་མཐུན25“ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་སྤྱིའི”མཚན་སྙན་གནང་རྒྱུ།པ་སངས་སོགས་བློ་མཐུན25“ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པའི་”མཚན་སྙན་གནང་རྒྱུ་བཅས་ཀྱི་གཏན་འབེབས་གནང་བ་རེད།
མིག་སྔར།བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་སློབ་གསོའི་མ་ལག་སུ་ཁྱོན་བསྡོམས་དགེ་རྒན་དང་ལས་བཟོ་མི་ཁྲི4.95ཡོད་པ་དང་དེའི་ཁྲོད་ཆེད་མངགས་དགེ་རྒན་གྱི་འགན་འཁུར་མཁན་མི་གྲངས་ཁྲི4.08ཡོད་པ་རེད།ཆེད་མངགས་དགེ་རྒན་གྱི་འགན་འཁུར་མཁན་ཁྲོད།སྐད་གཉིས་སློབ་གསོའི་དགེ་རྒན་མི་ཁྲི2.89ཡོད་པས་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་﹙མི་ཁྲི3.69﹚གྱི78.32%ཟིན་ཡོད།དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ཡོད་པ་དང་ཆེད་ཚན་ཡན་གྱི་སློབ་རྒྱུས་ཡོད་པའི་ཆེད་མངགས་དགེ་རྒན་གྱི་འགན་འཁུར་མཁན་མི་གྲངས་དེ་ཁག་སོ་སོར་མི་ཁྲི2.20དང་མི་གྲངས་ཁྲི་1.66ཡོད་ཅིང་ཆེད་མངགས་དགེ་རྒན་གྱི་འགན་འཁུར་མཁན་སྤྱི་འབོར་གྱི53.92%དང40.69%ཟིན་ཡོད།མཐོ་རིམ་དང་འབྲིང་རིམ་གོ་མིང་གི་ཆེད་མངགས་དགེ་རྒན་གྱི་འགན་འཁུར་མཁན་ཁག་སོ་སོར་མི་གྲངས་ཁྲི་༠.༩༣དང་མི་གྲངས་ཁྲི་༡.༦༩ཡོད་པས་ཆེད་མངགས་དགེ་རྒན་གྱི་འགན་འཁུར་མཁན་མི་གྲངས་བསྡོམས་འབོར་གྱི22.92%དང41.42%ཟིན་ཡོད་པ་རེད།  ། 
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་སྐབས་བཅུ་བའི་བོད་རིགས་ལ་གཞས་འགྲན་བསྡུར་ཆེན་མོ་གུང་ཧི་ནས་མཇུག་སྒྲིལ་བ།
  • ལེ་ཚན་རྗེས་མ།:ལྷ་སའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྟེང་མ་དངུལ་སྒོར་དུང་ཕྱུར466ལྷག་གི་གན་རྒྱ་བཞག་པ།
  • དོ་སྣང་ཆེ་བའི་རྩོམ།