མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་བྱ་བ་ཕྱོགས་ཡོངས་ནས་མཇུག་རྫོགས

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-05-30

ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་བྱ་བ་ཕྱོགས་ཡོངས་ནས་མཇུག་རྫོགས། བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ཐད་ལ་བསྡོམས་པས་འགྲོ་སོང་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གཉིས་བཏང་བ་དང་། ན་ནིང་ལས་སྒོར་མོ་བྱེ་བ་བརྒྱད་དང་འབུམ་དགུ་ཁྲི་གཉིས་མང་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ལོ་ཏོག་གི་སྤྱིའི་འདེབས་རྒྱ་མུའུ་ས་ཡ་བརྒྱད་དང་འབུམ་གཉིས་ཁྲི་གཉིས་ལྷག་ལ་བསླེབས་ཏེ། ན་ནིང་ལས་ཞིང་ས་མུའུ་འབུམ་གཉིས་དང་ཁྲི་བདུན་ལྷག་འཕར་སྣོན་བྱུང་། རང་ཞིང་གི་ས་ཁུལ་ཁག་སྔ་གཞུག་ཏུ་ཆུ་གཏོང་བ་དང་། ཡུར་མ་ཡུར་བ། གནོད་འབུ་འགོག་བཅོས་བྱེད་པ་གཙོ་ཡིན་པའི་ཞིང་ཁའི་དོ་དམ་གྱི་དུས་ལ་བསླེབས་ཡོད་པ་དང་། ཤར་ཕྱོགས་ཞིང་ལས་ས་ཁུལ་གྱི་ལོ་ཏོག་སྐྱེས་ཚད་བཟང་བས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལ་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།
  • ལེ་ཚན་སྔོན་མ།:«རང་གྲོལ་ཞིབ་འཇུག»འདོན་ཐེངས་གཉིས་པ་པར་སྐྲུན་བྱས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་བོད་རིག་པའི་མཁས་པའི་འཐུས་ཚབ་ཚོགས་པ་ཉེ་ལམ་འཇར་མན་རྒྱལ་ཁབ་དུ་འཚམས་འདྲིར་སོང་བ།
  • དོ་སྣང་ཆེ་བའི་རྩོམ།