«རང་གྲོལ་ཞིབ་འཇུག»འདོན་ཐེངས་གཉིས་པ་པར་སྐྲུན་བྱས་པ།

ཚེ་རིང་སྒྲོལ་མ    མཚོ་སྔོན་པོའི་དྲ་བ།    2011-05-30

ཉེ་སྔོན། «རང་གྲོལ་ཞིབ་འཇུག»འདོན་ཐེངས་གཉིས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཚར་ཏེ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་དུས་ཐོག་ཏུ་འགྲེམ་སྤེལ་བྱས།
 རེབ་འདིའི«རང་གྲོལ་ཞིབ་འཇུག»ནི་འདོན་ཐེངས་སྔོན་མ་དང་མི་འདྲ་བར་འདིའི་ནང་དུ་ཞིབ་འཇུག་གི་ཁྱད་ཆོས་གཞན་ཞིག་མངོན་ཡོད་དེ། དཔལ་དོན་གྲུབ་རྒྱལ་གྱིས་ཁ་བ་རི་བོའི་སྤུན་ཟླ་རྣམས་ལ་བཞག་པའི་ཞལ་ཆེམས་དེ་མ་ཡིག་རྒྱ་ཡིག་དང་འགྱུར་ཡིག་གཉིས་པར་རིས་དང་སྦྲགས་ནས་མགོ་མཇུག་ཆ་ཚང་བར་བཀོད་ཡོད། གཞན་དེང་རབས་བོད་ཀྱི་སློབ་ཆེན་སློབ་མའི་སེམས་ནང་གི་དཔལ་དོན་གྲུབ་རྒྱལ་ནི་ཇི་ལྟ་བུ་ཞིག་ཡིན་པ་གཙོ་བྱས་ཏེ་ཞིབ་འཇུག་གི་ལས་ཀ་ཡོངས་སུ་འཐུས་པར་བྱས་ཡོད།  «རང་གྲོལ་ཞིབ་འཇུག»འདོན་ཐེངས་གཉིས་པའི་ནང་དུ་བོད་ཀྱི་དེང་རབས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་རང་གྲོལ་ལགས་ཀྱི་མི་ཚེའི་དགོངས་པ་དང་། རྩོམ་རིག་གསར་གཏོད། དམངས་དོན་ལྷུར་ལེན་གྱི་མཛད་པ་ཁག་སྟེ“མི་ཡུལ་དུ་བཞག་པའི་ཁ་ཆེམས”དང་།  “རང་དབང་མི་རིགས་རིང་ལུགས”  “བློ་འབྱེད་ཤེས་ཡོན་ཅན”  “སྐྱོ་གར་སྙིང་སྟོབས་ཀྱི་དར་ཆ”  “ཀུན་རྟོག་བསྲེས་སྦྱོར་རིག་པ”  “བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་ང”  “རིག་གནས་ཀྱི་དྲན་པ”  “རང་གྲོལ་དང་མི་རབས་ཤིག་གི་བར་ཐག”བཅས་ས་བཅད་དུ་མའི་ཕྲེང་ཐག་ལ་བརྒྱུས་ཏེ། རང་གྲོལ་སྙིང་སྟོབས་ཀྱི་རང་གཟུགས་འཚོལ་བའི་ལས་ཀ་གཙོ་བྱས་ཏེ་བརྗོད་ཡོད།

                                                        
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་ཁག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ60འཁོར་བར་བཞུགས་མོལ་གནང
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་བྱ་བ་ཕྱོགས་ཡོངས་ནས་མཇུག་རྫོགས
  • དོ་སྣང་ཆེ་བའི་རྩོམ།