ཀྲུང་གོ་བོད་རིག་པའི་མཁས་པའི་འཐུས་ཚབ་ཚོགས་པ་ཉེ་ལམ་འཇར་མན་རྒྱལ་ཁབ་དུ་འཚམས་འདྲིར་སོང་བ།

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-05-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ཁང་། ཀྲུང་གོ་བོད་རིག་པའི་མཁས་པའི་འཐུས་ཚབ་ཚོགས་པ་ཉེ་ལམ་འཇར་མན་རྒྱལ་ཁབ་དུ་འཚམས་འདྲིར་སོང་སྟེ། བོད་ལྗོངས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ཐད་ནས་འཇར་མན་གྱི་ལས་རིགས་ཁག་གི་མི་སྣར་བརྗེ་རེས་དང་བགྲོ་གླེང་བྱས།

འཚམས་འདྲི་བྱེད་པའི་སྐབས་སུ། བོད་རིག་པའི་མཁས་པའི་འཐུས་ཚབ་ཚོགས་པས་སོ་སོར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་བསྡུར་པ་དང་ཕྱི་འབྲེལ་དཔོན་རིགས། དེ་མིན་འཇར་མན་གྱི་སློབ་གྲྭ་ཆེན་མོ་བ་དང་ཕྱི་སྡོད་རང་མི་སོགས་དང་བགྲོ་གླེང་བྱས། འཐུས་ཚབ་ཚོགས་པས་ཐེངས་འདིའི་འཚམས་འདྲི་ལས་འཇར་མན་མང་ཚོགས་ཀྱི་ཁྲོད་དུ་གནས་པའི་བོད་ལྗོངས་ཀྱི་གནས་ཚུལ་ཐད་ཀྱི་དོགས་གཞི་སེལ་བ་དང་། རྒྱལ་ཁབ་གཉི་ཀའི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་དུ་འགྲོ་བར་ཕན་ཐོགས་པ་རེད་ཟེར།

ཐེངས་འདིའི་ཀྲུང་གོ་བོད་རིག་པའི་མཁས་པའི་འཐུས་ཚབ་ཚོགས་པ་ཡོ་རོབ་གླིང་དུ་འཚམས་འདྲིར་འགྲོ་བའི་འགྲུལ་བཞུད་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པ་ཡིན་ལ། འཐུས་ཚབ་ཚོགས་པ་དེའི་སྔོན་ལ་ཧྥ་རན་སི་རྒྱལ་ཁབ་དུ་འཚམས་འདྲིར་སོང་བ་དང་། གཞན་ད་དུང་ཅེ་ཁི་དང་ཨར་ལན་རྒྱལ་ཁབ་གཉིས་ལ་འཚམས་འདྲིར་འགྲོ་རྒྱུ་རེད།   །

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་བྱ་བ་ཕྱོགས་ཡོངས་ནས་མཇུག་རྫོགས
  • ལེ་ཚན་རྗེས་མ།:ཀན་སུའུ་ཞིང་ཆེན་གྱིས་ཐོག་དང་པོར་བོད་ཀྱི་རྣམ་ཐར་ཟློས་གར་འཁྲབ་གཞུང་ལེགས་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།