ཧོང་ཡོན་རྫོང་གིས་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ།

ཚེ་རིང་རྒྱ་མཚོ    མཚོ་སྔོན་གསར་འགྱུར་དྲ་བ    2011-05-26

ཉེ་བའི་ལོ་འགའི་རིང་།  མཚོ་སྔོན་ཞིང་ཆེན་ཧོང་ཡོན་རྫོང་སློབ་གསོ་ཅུའུ་ཡིས་སློབ་གསོའི་སྒྲིག་གཞི་ལེགས་བཅོས་བྱེད་པར་སྔར་ལས་སྐུལ་སྤེལ་བྱས་ནས།  སྔ་གཞུག་ཏུ་སློབ་གྲྭ136གཅིག་བསྡུ་བྱས་པ་དང་།  རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དེ་སྔོན་གྱི་སློབ་གྲྭ188ལས་ད་ལྟའི52སུ་བཏང་། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ23འཛུགས་སྐྲུན་བྱས་པ་དང་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར1.48བཏང་།  གསར་དུ་འཛུགས་སྐྲུན་བྱས་པའི་སློབ་གྲྭ་སྨིས་གྲུ་བཞི་མ་ཁྲི11.63ཟིན་ལ། གསར་དུ་འཛུགས་སྐྲུན་བྱས་པའི་སློབ་ཁྲིད་ཐོག་ཁང་དང་སློབ་མའི་མལ་ཁང109བཅས་ཡོད་པས།  སྔར་ལས་ལྷག་པར་སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཞིང་།  སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པས།  སློབ་གསོའི་སྒྲིག་གཞི་ལེགས་བཅོས་བྱེད་པར་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་ཚུད།   །  
  • ལེ་ཚན་སྔོན་མ།:བོད་ཀྱི་གླུ་གར་འཁྲབ་སྟོན་དེ་དབྱི་ཐ་ལི་ལ་ལེགས་འགྲུབ་ངང་ནས་འཁྲབ་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཉིན་རེའི་ཚཌ་པར་ཐོག་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ60འཁོར་བར་དྲན་གསོ་ཞུ་བའི་ཆེད་བརྗོད་སྤ
  • དོ་སྣང་ཆེ་བའི་རྩོམ།