བོད་ཀྱི་གླུ་གར་འཁྲབ་སྟོན་དེ་དབྱི་ཐ་ལི་ལ་ལེགས་འགྲུབ་ངང་ནས་འཁྲབ་སྟོན་བྱས་པ།

        2011-05-26

          ཟླ་བ5པའི་ཚེས22ཉིན།ཀྲུང་གོའི་བོད་རིགས་ཀྱི་འཁྲབ་སྟོན་པ་ཚོས་དབྱི་ཐ་ལི་ལུའོ་མ་རོལ་མོའི་སྤྱི་གླིང་གི་ཟློས་གར་ཁང་དུ་རིག་རྩལ་འཁྲབ་སྟོན་ཕུལ་བ་རེད།     ཉིན་དེའི་དགོང་མོར།“བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར་”ཞེས་པའི་རིག་རྩལ་འཁྲབ་སྟོན་དེ་ལུའོ་མ་རུ་ལེགས་འགྲུབ་ངང་སྤེལ་བ་དང་།མཐོ་སྒང་བོད་ཁུལ་ནས་ཡོང་བའི་བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱི་འཁྲབ་སྟོན་ལ་་དབྱི་ཐ་ལི་མང་ཚོགས་ཀྱིས་དགའ་སྤྲོའི་ཐལ་མོས་བརྡབས་པ་རེད།“དབྱི་ཐ་ལི་ཡི་ཀྲུང་གོའི་རིག་གནས་ལོའི་”བྱེད་སྒོའི་ནང་གསེང་ཞིག་ཡིན་པས།རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་སྤེལ་བའི“བོད་ལྗོངས་རིག་གནས་གཟའ་འཁོར་”ཞེས་པ་དེ་ཚེས19ཉིན་ལུའོ་མ་རུ་སྤེལ་འགོ་ཚུགས་པ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཟློས་གར་འཁྲབ་སྟོན་ཁང་ཆེན་མོར་མེ་སྐྱོན་བྱུང་བ།
  • ལེ་ཚན་རྗེས་མ།:ཧོང་ཡོན་རྫོང་གིས་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།