མཚོ་སྔོན་ཟློས་གར་འཁྲབ་སྟོན་ཁང་ཆེན་མོར་མེ་སྐྱོན་བྱུང་བ།

ཚེ་རིང་རྒྱ་མཚོ    མཚོ་སྔོན་གསར་འགྱུར་དྲ་བ།    2011-05-26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས23ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཧེ་ཧུའུ་སྡེ་ཁུལ་གསར་བ་རུ་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་སྔོན་ཟློས་གར་འཁྲབ་སྟོན་ཁང་ཆེན་མོའི་ས་ངོས་འོག་རིམ་གྱི་ཁང་པར་མེ་སྐྱོན་བྱུང་བ་དང་།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཧྲུའུ་ཅི་ཝང་ཅན་ཅོན།  ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སའོ་རོན།  ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་རྒྱུན་ཨུའམ།  ཧྲི་ཀྲང་གཞོན་པ་ཧན་ཅན་ཧྭ།  ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲང་ཡོན་ཧེ།  མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་མེ་འགོག་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དུས་ཐོག་ཏུ་མེ་འགོག་ཡུལ་དངོས་སུ་སོང་ནས།  མེ་དགྲ་གསོད་པར་བཀོད་འདོམས་བྱས། 

ཟླ5བའི་ཚེས23ཉིན་གྱི་ཕྱི་དྲོའི་ཆུ་ཚོད5དང་སྐར་མ11སྟེང་།  འཛུགས་སྐྲུན་བྱེད་བཞིན་པའི་མཚོ་སྔོན་ཞིང་ཆེན་ཧེ་ཧུའུ་སྡེ་ཁུལ་གསར་བའི་མཚོ་སྔོན་ཟློས་གར་འཁྲབ་སྟོན་ཁང་ཆེན་མོའི་ས་ངོས་འོག་རིམ་གྱི་ཁང་པར་མེ་སྐྱོན་བྱུང་།   །                      

  • ལེ་ཚན་སྔོན་མ།:ལྷ་མཆོག་རྒྱལ་ལགས་ཀྱིས་བོད་བཙན་པོའི་སྐབས་ཀྱི་ཟངས་ཅོང་ཆེན་པོ་ཞིག་རྙེད།
  • ལེ་ཚན་རྗེས་མ།:བོད་ཀྱི་གླུ་གར་འཁྲབ་སྟོན་དེ་དབྱི་ཐ་ལི་ལ་ལེགས་འགྲུབ་ངང་ནས་འཁྲབ་སྟོན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།