ཤིན་ཧྭ་གསར་འགྱུར་ཁང་གིས་དགེ་རྒན་དུས་ཆེན་སྐབས་སྤྱོད་གཙང་གཞུང་དྲང་ཡོང་བ་བྱེད་དགོས་ཞེས་པའི་དཔྱད་གཏམ་སྤེལ།

        2014-09-12

ཉེ་དུས།ཡང་ཀྲོའུ་ཡི་བུ་བཅོལ་ཁང་གི་ཚོད་ལྟའི་དགེ་རྒན་ཞིག་གིས་ཁྱིམ་བདག་གིས་སྤྲད་པའི་སྡིག་སྲིན་གྱི་པར་དྲྭ་ཐོག་ཏུ་བཀྲམ་པའི་རྐྱེན་གྱིས་ཕྱིར་འབུད་བྱས་པ་དང་། བུ་བཅོལ་ཁང་དེའི་འགོ་འཛིན་ལ་སྲིད་འཛིན་ཐ་ཚིག་སྒྲོག་པའི་ཉེས་པ་བཏང་ཡོད། དགེ་རྒན་དུས་ཆེན་སླེབས་ཉེར་ཡོད་པའི་མཚམས་སུ། དགེ་རྒན་གྱིས་ལག་རྟགས་བླངས་པར་ཆད་པ་ནན་པོ་བཅད་པ་དེའི་ཐོག་ནས་སློབ་གསོའི་སྡེ་ཁག་གིས་དགེ་རྒན་གྱི་མ་མཐའི་ཀུན་སྤྱོད་ཚད་གཞི་འཛུགས་སྐྱོང་བྱེད་པའི་ཆོད་སེམས་མངོན་ཡོད་ལ།སྤྱི་ཚོགས་ལས་རིགས་ཁག་ལ་སྤྱོད་གཙང་གཞུང་དྲང་གི་དགེ་རྒན་དུས་ཆེན་མངོན་འགྱུར་ཐུབ་པའི་རེ་བ་ཆེན་པོ་སྟེར་ཡོད།
དགེ་རྒན་དུས་ཆེན་སྤྱོད་གཙང་གཞུང་དྲང་ཡོང་བ་བྱེད་པ་དང་།ཁྱིམ་བདག་གིས་བྱིས་པའི་ལྷད་མེད་སེམས་ཁམས་ལ་གཅེས་སྤྲས་བྱེད་དགོས་ཤིང་།ཕྲུ་གུ་ཚོར་དགེ་བའི་གཤེས་གཉེན་ལ་བརྩི་བཀུར་ཞུ་རྒྱུ་དེ་ལག་རྟགས་ལེགས་ཉེས་ནས་མངོན་མི་ཐུབ་པར། སེམས་རྟེན་མཚོན་ཐབས་ལ་རག་ལུས་པ་ཤེས་སུ་འཇུག་དགོས། ཉེ་བའི་ལོ་ཤས་ནང་། ས་གནས་ཁག་གི་སློབ་ཆུང་མི་ཉུང་བས་རི་མོའི་ཤོག་ལྟེ་དང་།མེ་ཏོག་ཆུང་ཆུང་སོགས་སྟབས་བདེའི་ལག་རྟགས་ཐོག་ནས་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ཚོར་ཤེས་དང་། དགེ་བའི་བཤེས་གཉེན་ལ་ཕུལ་བའི་དུས་ཆེན་གྱི་སྨོན་འདུན་མཚོན་པར་བྱེད་དགོས་པའི་སྐུལ་མ་བཏང་བས། སྤྱོད་གཙང་གཞུང་དྲང་གི་དགེ་རྒན་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཡོད། སྟབས་བདེ་ལ་དམིགས་བསལ་གྱི་ལག་རྟགས་དེས་དགེ་བའི་བཤེས་གཉེན་གྱི་སེམས་ནང་དྲོ་སྐྱིད་སྟེར་ཐུབ་པ་མ་ཟད།དམིགས་བསལ་གྱི་སློབ་གསོའི་ལག་ལེན་དེས་ཀྱང་བྱིས་པ་ཚོར་གཞན་ལ་དྲོ་སྐྱིད་སྟེར་བས་རང་སེམས་ལ་སྤྲོ་བ་འཕེལ་བའི་ཚོར་སྣང་ཞིག་ཡོང་ཐུབ།
  • ལེ་ཚན་སྔོན་མ།:ཆེས་མཛེས་ཤོས་ཀྱི་གྲོང་གསེབ་དགེ་རྒན་འཚོལ་བའི་ཁྲོད་གཅེས་སེམས་བརྒྱུད་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་རྩྭ་ལས་ཐོན་ཚད་རིན་ཐང་ལོ་རེར་སྒོར་དུང་ཕྱུར3000ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།