རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ་ཕྱིན་ཆད་དུས་རིམ་གྱི་དཔལ་འབྱོར་ལས་ཀ་བཀོད་སྒྲིག་(2)

        2011-04-19


      བཞི་ནི་ལྷོད་གཡེང་གཏན་ནས་མི་བྱས་ནས་ཞིང་ལས་དང་འབྲུ་རིགས་ཐོན་སྐྱེད་བྱ་རྒྱུ་ཡག་པོ་འཛིན་དགོས།  སྟོབས་ཤུགས་ཡོད་དགུས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཡག་པོ་འཛིན་ནས་སྔར་ལས་ལྷག་པར་སྔ་སྨིན་འབྲས་ཀྱི་འདེབས་འཛུགས་བྱེད་རྒྱ་དོན་འཁྱོལ་བྱེད་དགོས་ཤིང་།  གནོད་སྐྱོན་དང་འབུ་དགྲ་སྔོན་འགོག་དང་མེད་པ་བཟོ་དགོས།  ཞིང་སྤྱོད་དང་དངོས་རྫས་འདོན་སྤྲོད་དང་འགན་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ་དབྱར་ཐོག་དང་བཟའ་སྣུམ་ལོ་ལེགས་ཡོང་གང་ཐུབ་བྱེད་དགོས།  སྒོ་ཀུན་ནས་ཞིང་ཁའི་ཆུ་བེད་སོགས་ཞིང་ལས་ཀྱི་རྨང་གཞི་སྒྲིག་ཆས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་ཀྱི་རང་བྱུང་གནོད་སྐྱོན་འགོག་ནུས་མཐོ་རུ་གཏོང་དགོས། 
      ལྔ་ནི་ཕྱི་ཕྱོགས་ཉོ་ཚོང་ཡག་ཅིང་མགྱོ གས་ཙམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་།  ཕྱི་ཕྱོགས་ཉོ་ཚོང་གི་སྲིད་ཇུས་གཞི་རྩའི་ཐོག་བརྟན་བརླིང་ཡོང་བར་སྲུང་འཛིན་བྱེད་དགོས།   ཕྱི་ཕྱོགས་ཉོ་ཚོང་གི་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་མགྱོ གས་པོ་བྱེད་དགོས།  སྔར་ལས་ལྷག་པར་ཕྱིར་གཏོང་ནང་འདྲེན་གྱི་ཆགས་ཚུལ་བཟང་སྒྲུག་བྱས་ནས་སྒོ་ཀུན་ནས་ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཚད་དང་ཕན་ནུས་མཐོ་རུ་གཏོང་དགོས།
    དྲུག་ནི་སྟོབས་ཤུགས་ཆེན་པོས་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་འབུད་པ་དང་རླངས་འཁོར་གྱིས་མཇུག་དབུགས་འབུད་པར་མེད་པ་བཟོ་བའི་གཙོ་གནད་ལས་གྲྭ་ལག་བསྟར་མགྱོ གས་པོ་བྱེད་དགོས་པ་དང་དེའི་དམིགས་ཡུལ་འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་རྒྱག་དགོས།
       བདུན་ནི་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།  ཐོན་ལས་ཀྱི་ཆགས་ཚུལ་འགྱུར་ལྡོག་དང་རིམ་སྤར་བྱ་རྒྱུར་སྐུལ་འདེད་མགྱོ གས་པོ་གཏོང་དགོས།  འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས།  ཞབས་འདེགས་ལས་རིགས་འཕེལ་རྒྱས་ཆེན་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་གཏོང་རྒྱུའི་ཁོར་ཡུག་ལེགས་བཅོས་བྱེད་དགོས།  སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དང་།  དམངས་འཚོ་འགན་སྲུང་དང་ལེགས་བཅོས།  འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་སོགས་ནས་འགོ་བཙུགས་ཏེ་འཛད་སྤྱོད་བྱེད་རྒྱ་རྒྱ་སྐྱེད་གཏོང་རྒྱུའི་ཡུན་རིང་ནང་རྐྱེན་མགྱོ གས་པོ་འཛུགས་དགོས།
      སྔར་ལས་ལྷག་པར་ལས་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཅའ་དང་སྨན་རྫས་ཉེན་མེད་བདེ་འཇགས་ཡོང་བའི་ཆེད་དོན་འཆུན་འདོམས་བྱེད་དགོས།  བཅའ་ཁྲིམས་ལྟར་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་དང་བྱས་ཉེས་བསགས་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས།
  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:གླུ་བ་བཀྲ་ཤིས་ཉི་མར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།