ལྷ་ས་གྲོང་ཁྱེར་གྱིས་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བར་གྲུབ་འབྲས་མངོན་གསལ་ཐོབ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-09-10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད་ནས་ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འཆར་འགོད་ནན་ཏན་བཟོ་བ་དང་ཕན་འབྲས་ལྡན་པའི་བྱ་ཐབས་སྤྱད་ནས། ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་སྤྱོད་ཚུལ་བཞིའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཐོག ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་རྒྱུར་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བས་གྲུབ་འབྲས་མངོན་གསལ་ཐོབ།

ལྷ་ས་གྲོང་ཁྱེར་གྱིས་ཚོགས་འདུ་འཚོགས་ཡུན་ཐུང་དུ་གཏོང་བ་དང་ཡིག་ཆ་ཉུང་བསྡུས་སུ་གཏོང་བའི་ལམ་ལུགས་གཏན་འབེབས་བྱས་ནས། ཚོགས་འདུའི་ཁ་གྲངས་དང་གཞི་ཁྱོན། དུས་ཚོད། ཚོགས་འདུའི་གྲོན་དངུལ་བེད་སྤྱོད། ཡིག་ཆ། ཡིག་ཆའི་རིང་ཐུང་སོགས་ཐད་གཏན་འབེབས་ཁ་གསལ་བཟོས་ལ། བཅོས་སྒྲིག་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་འཚོགས་ཚད་དུས་མཚུངས་ལས་བརྒྱ་ཆ་བཞི་བཅུ་ཉུང་དུ་ཕྱིན་པ་དང་། ཡིག་ཆ་བཀྲམ་ཚད་དུས་མཚུངས་པ་ལས་བརྒྱ་ཆའི་བཅོ་ལྔ་ཉུང་དུ་ཕྱིན།

ད་བར་སྡེ་ཁག་སོ་སོས་གཞུང་གི་རླངས་འཁོར་དོ་དམ་གཏན་འབེབ་བཟོས་པ་དང༌། སྡེ་ཁག་སོ་སོ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་གཞུང་གི་རླངས་འཁོར་གྱི་ཆེད་སྤྱོད་ཨང་གྲངས་བཅོས་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད། ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་རྒྱ་ཁྱོན་ཚད་ལས་བརྒལ་བའི་སྒོ་ནས་གཞུང་ཁང་སྒེར་བཟུང་བེད་སྤྱོད་དང་། གཞུང་ཁང་མང་པོ་སྒེར་སྤྱོད་བྱས་པའི་རིགས་ཚང་མ་གཙང་བཤེར་གང་ལེགས་བྱས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱིས་ཆོག་མཆན་གནང་ཡང་འཛུགས་སྐྲུན་བྱེད་རྒྱུ་ཡིན་པའི་ཐོག་ཁང་སོགས་ཀྱི་རྣམ་གྲངས་ཚང་མ་སྐྲུན་མཚམས་བཞག་པ་བཅས་རེད།

གཞུང་གྲོན་གསུམ་གྱི་གཏོང་སྒོ་རྩ་བའི་ཆ་ནས་ཚོད་འཛིན་བྱས་ཡོད་ལ། ཆེད་དོན་བཅོས་སྒྲིག་བྱས་པ་བརྒྱུད་གྲོང་ཁྱེར་ཐད་གཏོགས་སྡེ་ཁག་གིས་སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་གཞུང་གྲོན་གསུམ་གྱི་འགྲོ་སོང་གཏོང་ཚད་ཤུགས་ཆེར་ཆགས་ཏེ། ཉེ་དུས་གྲོང་ཁྱེར་ཐད་གཏོགས་སྡེ་ཁག་གི་གཞུང་གྲོན་གསུམ་གྱི་གཏོང་སྒོའི་གནས་ཚུལ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བསྡོམས་རྩིས་ལ་གཞིགས་ན། གཞུང་གྲོན་གསུམ་གྱི་གྲོན་དངུལ་ཆ་སྙོམས་གྲོན་ཆུང་ཐུབ་ཚད་བརྒྱ་ཆའི་བཞི་བཅུའི་ཡན་ཟིན་ཡོད་ལ། ལྷ་ས་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།  ། 

  • ལེ་ཚན་སྔོན་མ།:བོད་ཀྱི་གྲོང་ཚོ་གཉིས་ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་ཚོའི་མིང་ཐོའི་ནང་བཅུག་པ།
  • ལེ་ཚན་རྗེས་མ།:གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས་འཚོལ་བ་ཞེས་པའི་རྣམ་པ་ཆེ་གྲས་ཀྱི་སྤྱི་ཕན་བྱེད་སྒོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཕབ་བཟོ་བྱས་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།