བུའུ་པང་གོ་ཡིས་ཁྲུང་ཆིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད་པ།

བཀྲ་ཤིས་འབུམ།        2011-04-11

ཟླ་བཞི་བའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཁྲུང་ཆིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ཚེས་དགུ་ཉིན་བུའུ་
པང་གོ་ཡིས་ཧྲ་ཕེན་པ་ཆུའུ་ཙུན་ཅ་གྲོང་བརྡལ་གྱི་ཧུའུ་ཧྥུན་ཧྲན་སྡེ་བའི་མང་ཚོགས་དང་ལྷན་དུ་གནས་ཚུལ་རྒྱུས་ལོན་མཛད་པའི་ཚུལ་རེད།
 
 
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར་ཁྲུང་ཆིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་གསུང་རྒྱུར། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་སྒོས་བསྒྱུར་རྒྱུ་གཙོ་བོར་བཟུང་སྟེ་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱེད་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱེད་པར་མགོ་བཟང་བོ་ཞིག་ཚུགས་དགོས་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་དགུ་བཅུ་ལོན་པར་བསུ་བ་བྱེད་དགོས་ཟེར།
  གནས་བབ་གསར་བའི་འོག་ཏུ་མང་ཚོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་ཏུ་གཏོང་རྒྱུ་ནི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ནམ་ཡང་ཐུགས་ཁུར་གནང་བའི་གནད་དོན་ཞིག་ཡིན་པས། ཁོང་ཉིད་ཆེད་དུ་ཁྲུང་ཆིན་གྲོང་ཁྱེར་ཧྲ་ཕེན་པ་ཆུའུ་ཙུན་ཅ་གྲོང་བརྡལ་གྱི་ཧུའུ་ཧྥུན་ཧྲན་སྡེ་བར་ཕེབས་ཏེ། ཁྲུང་ཆིན་གྲོང་ཁྱེར་གྱིས་ཕྱོགས་གཉིས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རང་འགུལ་སྒོས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གནད་དོན་ཐག་བཅད་པའི་བྱ་བའི་སྒྲུབ་ཕྱོགས་ལ་ཁས་ལེན་གང་ལེགས་མཛད།
  རྟོག་ཞིབ་མཛད་སྐབས་བུའུ་པང་གོ་ཡིས་ཁྲུང་ཆིན་གྲོང་ཁྱེར་གྱི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། ཁྲུང་ཆིན་གྲོང་ཁྱེར་གྱི་བྱ་བར་ཁས་ལེན་བཟང་བོ་མཛད། ཁོང་གིས་ཁྲུང་ཆིན་གྲོང་ཁྱེར་གྱིས་གཙང་བོ་གཉིས་ཀྱི་ས་ཁུལ་གསར་བ་གསར་སྤེལ་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་བྱ་བ་བསྒྲུབ་ནས་ནུབ་རྒྱུད་ས་ཁུལ་ཏུ་ཐོག་མར་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།
  • ལེ་ཚན་སྔོན་མ།:4.14ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་ལོན
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།