4.14ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་ལོན

རིག་འཛིན་རྡོ་རྗེ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-04-11


4.14ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་ལོན4.14ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་ལོན4.14ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་ལོན4.14ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་ལོན4.14ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་ལོན4.14ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་ལོན





ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་ཅུས་གཙོ་སྒྲུབ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། མཚོ་སྔོན་བརྙན་འཕྲིན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་“4.14 ཡུས་ཧྲུའུ་ས་ཡོམ་ཆེན་མོ་བྱུང་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན་དགོང་ཚོགས་བརྩེ་ཆེན་འོད་ཀྱི་མདུད་པ”ཞེས་པ་ཟླ་བཞི་ཚེས་ལྔ་ཉིན་མཚོ་སྔོན་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་འཁྲབ་སྟོན་བརྙན་ཕབ་བྱས་ཏེ་ལེགས་གྲུབ་བྱུང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ་དང་། ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་བསྟན་ཁོ། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུའི་ཅུའུ་ཀྲང་ཀྲིག་ཞན་ཨན་སོགས་འབྲེལ་ཡོད་མགོ་ཁྲིད་དང་ཟི་ལིང་དུ་སྡོད་པའི་ཡུས་ཧྲུའུ་བ་སོགས་ལྟད་མོ་བ་བརྒྱད་བརྒྱ་ལྷག་གིས་དགོང་ཚོགས་ལ་བལྟས།
  དགོང་ཚོགས་ཀྱི་ནང་དོན་དྲིན་གཟོ་དང་འབད་འཐབ། རེ་སྨོན་བཅས་ཁག་གསུམ་དུ་བཀར་ཡོད་དེ། ཐོག་མར་གདུང་སེམས་མཉམ་བསྐྱེད་ཀྱིས་ཕྱིར་དྲན་དང་བར་ཏུ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ། ཐ་མར་ཡིད་ཆེས་ཀྱིས་མ་འོངས་པའི་འཚོ་བར་རྒྱང་ལྟ་བྱེད་པ་བཅས་འདུས། དེ་ལས་4.14ཉིན་ཡུའུ་ཧྲུའུ་ལ་ས་ཡོམ་ཆེན་མོ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བརྟན་བརླིང་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་། མི་དམངས་དམག་དཔུང་དང་སྤྱི་བདེ་ཉེན་རྟོག་པ། སྨན་བཅོས་མི་སྣ། རྒྱ་ཆེའི་དང་བླངས་པ། ས་གནས་ཁག་གི་སེར་སྐྱ་མང་ཚོགས་བཅས་ཀྱིས་ཉེན་སེལ་རྒུད་སྐྱོབ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་དང་གནོད་ཐེབས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྡུག་མཉམ་ཁུར་བྱས་ནས་ཆེས་མཐོ་བའི་ཕན་འབྲས་ཀྱིས་ཚེ་སྲོག་སྐྱོབ་བྱས་པ་དང་། ཆེས་ལེགས་པའི་ཞབས་ཞུ་ཡིས་མང་ཚོགས་བཀོད་སྒྲིག་བྱས་པ། ཆེས་མགྱོགས་པའི་མྱུར་ཚད་ཀྱིས་རྨང་གཞི་སྒྲིག་ཆས་སླར་གསོ་བྱས་པ། ཆེས་དྲག་པའི་བྱེད་ཐབས་ཀྱི་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱས་པའི་མིའི་རིགས་ཀྱི་གནོད་སེལ་རྒུད་སྐྱོབ་ལོ་རྒྱུས་སྟེང་གི་ཡུའུ་ཧྲུའུ་ཡི་ངོ་མཚར་སྣང་བརྙན་བསྐྲུན་པའི་གནས་ཚུལ་དང་། གནོད་ཐེབས་མང་ཚོགས་ཀྱིས་དྲིན་ཤེས། དྲིན་གཟོ། དྲིན་མཇལ་གྱི་ཆེས་བབས་ཆགས་ཀྱི་བསམ་པ་དང་འབད་པ་བརྒྱ་འགྱུར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཡུའུ་ཧྲུའུ་གསར་བ་འཛུགས་སྐྲུན་བྱེད་པའི་བློ་སྤོབས་མཚོན་ཡོད།
  ཡ་དུང་དང་ཨ་ཅག་ཚན་སྡེབ། གངས་བཞུགས། སྒྲོལ་མ་སྐྱབས། ཀུན་དགའ། རིག་འཛིན་སྒྲོལ་མ། དབྱངས་ཅན་ལྷ་མོ་སོགས་བོད་ཀྱི་རོལ་མོ་གར་སྟེགས་སྟེང་སྙན་གྲགས་ཆེ་བའི་གླུ་བ་གླུ་མ་མང་པོ་ཞིག་རེབ་འདིའི་འཁྲབ་སྟོན་ཞུགས།
  དགོང་ཚོགས་འདི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན། ཟི་ཁྲོན་ཁམས་པ་བརྙན་འཕྲིན་གྱི་འཕྲིན་ལམ་བརྒྱུད་གཏོང་རྒྱུ་རེད།


































 

  • ལེ་ཚན་སྔོན་མ།:བུན་ཅ་པའོ་ཡིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:བུའུ་པང་གོ་ཡིས་ཁྲུང་ཆིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།