སློབ་ལོ་གསར་པའི་ནང་དྭ་ཕྲུག་ཁྲི7ལྷག་ལ་ནད་ཆེན་གྱི་སྤྱི་ཕན་ཉེན་འགོག་བྱས།

མིག་དམར་གྱིས་བསྒྱུར།        2014-09-04

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས30ཉིན་འབྱོར་བའི་གཏམ་གསར། སློབ་ལོ་གསར་པ་སླེབས་པ་དང་བསྟུན་ནས་སི་ཁྲོན་དང་ཀོང་ཏུང་ས་གནས་གཉིས་ཀྱི་དྭ་ཕྲུག་ཁྲི7ལྷག་ལ་ཀྲུང་གོ་བྱིས་པ་ལོ་ཆུང་ཐེབས་རྩ་ཚོགས་པས་སྦྱིན་པའི་ནད་ཆེན་གྱི་སྤྱི་ཕན་ཉེན་འགོག་བྱས་པ་རེད།ཐེབས་རྩ་ཚོགས་པ་དེས་ལོ6ཡི་ནང་ཞིང་ཆེན21གི་དྭ་ཕྲུག་དང་དབུལ་པོའི་བྱིས་པར་ནད་ཆེན་གྱི་སྤྱི་ཕན་ཉེན་འགོག་མཁོ་འདོན་བྱས་ཡོད་པ་རེད།   ཐེབས་རྩ་ཚོགས་པ་དེའི་ཁོངས་སུ་གཏོགས་པའི་ཀྲུང་གོའི་བྱིས་པའི་ལོ་ཆུང་ཉེན་འགོག་ཆེད་གཉེར་ཐེབས་རྩ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུ་ཧུའེ་ཅོན་གྱིས་ངོ་སྤྲོད་བྱས་དོན། ཐེངས་འདིར་གཏོང་སྤྲོད་བྱེད་པའི་སྤྱི་ཕན་ཉེན་འགོག་བྱང་བུ་དེ་རུང་ཞིན་ཚོགས་པ་དང་རྒྱལ་ཁབ་མཁའ་བསྐྱོད་གཅེས་སེམས་སྤྲོ་འཆམ། ཁྲི་བཅུ་ཁའི་ཐའོ་པའོ་གཅེས་སེམས་ཚོང་གཉེར་པ་སོགས་གཅེས་སེམས་དྲྭ་གྲོགས་རྣམས་ཀྱིས་ཐུན་མོང་དུ་ཞལ་འདེབས་ཕུལ་བ་ཞིག་ཡིན་ལ། དེ་ནི་ཟླ་བ9པའི་ཚེས1ཉིན་ནས་དངོས་སུ་གོ་ཆོད་པ་ཡིན། འདི་ནི་ཁྲི3ལ་ཉེ་བའི་ཀོང་ཏུང་དྭ་ཕྲུག་ལ་ཐོག་མར་ནད་ཆེན་གྱི་ཉེན་འགོག་བྱས་པ་དང་སི་ཁྲོན་གྱི་དྭ་ཕྲུག་ཁྲི4ལྷག་ལ་བསྟུད་མར་ལོ6ལ་སྤྱི་ཕན་ཉེན་འགོག་བྱས་པ་ཞིག་རེད།
     ཝུ་ཧུའེ་ཅོན་གྱིས་བཤད་དོན། སྒོར50དགེ་འབུལ་བྱས་ན་དྭ་ཕྲུག་ཅིག་ལ་ལོ་གཅིག་རིང་གི་ཉེན་འགོག་མ་དངུལ་སྒོར་ཁྲི10མཁོ་འདོན་བྱས་པ་དང་།སྐྲན་(ཁྲག་རིལ་དཀར་པོའི་འབྲས་སྐྲན)མཁལ་ནད། བར་ཆད་རང་བཞིན་གྱི་ཟུངས་ཁྲག་ཚབས་ཆེན་ཉམས་པ་། དབང་པོ་རྩ་སྤོ་ཆེན་པོ་སོགས་བྱིས་པར་རྒྱུན་དུ་ཕོག་པའི་ནད་ཆེན་རིགས12ཀྱི་ཆེད་གཏོགས་སྤྱི་ཕན་ཉེན་འགོག་བཅས་ཚུད་ཡོད་པ་རེད།      ཀྲུང་གོ་བྱིས་པའི་ཆེད་གཉེར་ཐེབས་རྩ་མ་དངུལ་གྱིས་སྤྱི་ཕན་ཉེན་འགོག་ནང་རྐྱེན་སྤྱད་དེ་བྱིས་པའི་ནད་ཆེན་སྐྱོབ་རོགས་བྱས་ཏེ། རོགས་དངུལ་འབོར་ཆེན་བྱིན་ནས་རོགས་སྐྱོབ་བྱེད་པ་དེ་སྤྱིར་བཏང་གི་མང་ཚོགས་ཞུགས་ཆོག་པའི་རོགས་དངུལ་ཆུང་ཆུང་བྱིན་ནས་སྐྱོབ་རོགས་བྱེད་པར་གྱུར་ཡོད། གཅེས་སེམས་ཅན་རྣམས་སྟབས་བདེ་བའི་ངང་ནས་ཞལ་འདེབས་ལ་ཞུགས་ཆོག་པ་རེད། མིག་སྔར་གྱི་བར་དུ་སླེབས་སྐབས། ཀྲུང་གོ་བྱིས་པའི་ཉེན་འགོག་ཆེད་གཉེར་མ་དངུལ་ལ་གཅེས་སེམས་དྲྭ་གྲོགས་ཁྲི100ལྷག་གིས་ཞལ་འདེབས་ཕུལ་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་དང་རོ་མ་ནི་ཡའི་ཙུང་ལི་ཕུན་ཐ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱིས་རྡོ་སོལ་འབར་རྒྱུ་སྤྱོད་པའི་གློག་འདོན་ཁེ་ལས་ཀྱི་གློག་རིན་དམའ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།