རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་མཚོ་སྔོན་གསོ་སྦྱོང་རྟེན་གཞི་དངོས་སུ་བཙུགས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-09-03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་བོད་ལྗོངས་གསོ་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གྲྭ་ནས་ཚོགས། མཚོ་སྔོན་ནས་རྟོག་ཞིབ་བྱེད་བཞིན་པའི་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ཀྲོའུ་ཆང་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་མ་ཟད། རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་མཚོ་སྔོན་གསོ་སྦྱོང་རྟེན་གཞི་དངོས་སུ་བཙུགས་པར་རྟེན་འབྲེལ་ཞུས།

ཀྲོའུ་ཆང་གིས་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གྲྭའི་སློབ་མ་དང་ཁ་བརྡ་བྱེད་པའི་ཁྲོད་བསྟན་དོན། མཚོ་སྔོན་མཐོ་རིམ་ཁྲིམས་དཔོན་སློབ་གླིང་གིས་ཉེ་བའི་ལོ་འགའི་རིང་བོད་ཁུལ་གྱི་གཞི་རིམ་ཁྲིམས་ཁང་གི་དགོས་མཁོ་དང་འཚམ་པའི་སྐད་གཉིས་ཁྲིམས་དཔོན་མང་པོ་ཞིག་གསོ་སྐྱོང་བྱས་ཏེ། བོད་ཁུལ་གྱི་ཁྲིམས་ཁང་ལ་སྐད་གཉིས་ཁྲིམས་དཔོན་མི་འདང་བའི་དཀའ་ངལ་ཞི་ལྷོད་དུ་བཏང་ཞིང་། 《ཁྲིམས་ལུགས་རིག་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད》དང《རྒྱ་བོད་སྐད་གཉིས་ཀྱི་གཏུག་བཤེར་མཛུབ་སྟོན》རྩོམ་སྒྲིག་པར་སྐྲུན་བྱས་ཏེ། བོད་ཁུལ་ཁྲིམས་ཁང་གིས་སྐད་གཉིས་འདྲི་གཅོད་བྱ་བར་རོགས་སྐྱོར་གྱི་བྱེད་ནུས་གལ་ཆེན་བསྐྲུན་ཡོད། གོ་སྐབས་འདི་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། བོད་ཁུལ་ཁྲིམས་ཁང་གི་དཔུང་སྡེའི་ཕྱོགས་ཡོངས་ཀྱི་སྤུས་ཚད་དངོས་གནས་མཐོར་འདེགས་སུ་གཏོང་བ་དང་། མུ་མཐུད་དུ་དཔུང་སྡེ་ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ཧུར་བརྩོན་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་དོན་རྐྱེན་རེ་རེའི་ཁྲོད་ཆ་སྙོམས་དང་བདེན་དྲང་རོལ་མྱོང་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས།

ཡོན་ཀྲང་ཀྲོའུ་ཆང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་ཀྲང་ཀོང་རོང་གཉིས་ཀྱིས་མཉམ་དུ་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་མཚོ་སྔོན་གསོ་སྦྱོང་རྟེན་གཞི་ལ་སྒོ་བྱང་བཀེལ་བ་དང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ཏུང་ཁའེ་ཅིན་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།  །

  • ལེ་ཚན་སྔོན་མ།:2014ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་མཇུག་སྒྲིལ་བ།
  • ལེ་ཚན་རྗེས་མ།:སྐབས་བཞི་པའི་ཀྲུང་གོ་དང་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་དངོས་མང་འགྲེམས་ཚོགས་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།