2014ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་མཇུག་སྒྲིལ་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-09-03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས31ཉིན་གྱི་དགོང་མོར།དུས་ཡུན་ཉིན7རིང་གི2014ལོའི་ཐའེ་ཧི་རྒྱལ་སྤྱིཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་མཇུག་སྒྲིལ་བ་རེད།ལྷ་ས་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། 2014ལོའི་ཐའེ་ཧི་རྒྱལ་སྤྱི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་རིན་གཞོན་པ་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་དུ། ད་ལོའི་ཞོ་སྟོན་སྐབས་སུ་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི140.88སྣེ་ལེན་བྱས་ཤིང་། དུས་མཉམ་ལས16.08%འཕར་ཡོད་པ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར3.78ལ་སླེབས་ཡོད་དེ། དུས་མཉམ་ལས32.16%འཕར་ཡོད་ཟེར།

རྒྱུས་ལོན་ལྟར་ན། ད་ལོའི་ཞོ་སྟོན་སྐབས་སུ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཆོད་དོན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་ཏེ། གྲོན་ཆུང་ངང་དུས་ཆེན་སྤེལ་བའི་འདུ་ཤེས་ལ་དམིགས་ནས། ཞོ་སྟོན་དུས་ཆེན་གྱི་གཞི་ཁྱོན་ཇེ་ཆུང་དུ་བཏང་བ་མ་ཟད། མང་ཚོགས་རང་བཞིན་མི་ལྡན་པའི་བྱ་འགུལ་འགའ་མེད་པར་བཏང་སྟེ། མང་ཚོགས་དང་འབྲེལ་བ་ཟབ་པའི་བྱ་འགུལ་སྐོར་ཞིག་ཇེ་མང་དུ་བཏང་བས། ཞོ་སྟོན་དུས་ཆེན་གྱི་མང་ཚོགས་རང་བཞིན་དང་། ཚོང་དོན་རང་བཞིན་མཚོན་ཐུབ་ལ། ཞོ་སྟོན་དུས་ཆེན་གྱི་ཚོང་རྟགས་ཀྱང་གསར་བཟོ་དང་གསལ་བོར་སྟོན་ཐུབ་པ་བྱུང་།

ད་ལོའི་ཞོ་སྟོན་དུས་ཆེན་སྐབས་སུ་སྤེལ་བའི་ཉོ་ཚོང་གྲོས་མོལ་ཚོགས་འདུ་ལས་རྣམ་གྲངས86ལ་གྲོས་མཐུན་བྱུང་སྟེ། མ་དངུལ་སྒོར་དུང་ཕྱུར466.65ལྷག་གི་གན་རྒྱ་བཞག ཁང་ཁོངས་བཀྲམ་འཚོང་ཚོང་འདུས་ལས་ལྗོངས་ཡོངས་ཀྱི་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས31བཀུག་ཏེ་ཚོང་འགྲེམས་ཐོག་ཁང45བཀྲམ་འཚོང་ཁྲོད་ཞུགས་པ་རེད།

2014ལོའི་ཐའེ་ཧི་རྒྱལ་སྤྱི·ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་མཇུག་རྫོགས་པའི་མཛད་སྒོའི་རོལ་དབྱངས་འདུ་འཛོམ་དེ་ལྷ་ས་གྲོང་ཁྱེར་གྱི་མི་རིགས་རིག་གནས་སྒྱུ་རྩལ་ཁང་དུ་སྤེལ་བ་རེད།  །

  • ལེ་ཚན་སྔོན་མ།:གངས་ལྗོངས་རྡོར་ལུགས་ཐང་ག་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་གྲབས་ཡོད།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་མཚོ་སྔོན་གསོ་སྦྱོང་རྟེན་གཞི་དངོས་སུ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།