ཀྲང་ཀོང་རོང་གིས་ཡུས་ཧྲུའུ་དང་རྫ་སྟོད་རྫོང་གཉིས་ཀྱི་བསྐྱར་འཛུགས་བྱ་བར་ཞིབ་བཤེར་བྱས་པ།

ལྕགས་བྷོ།    མཚོ་སྔོན་གསར་འགྱུར་དྲ་བ།    2012-05-31

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཡུས་ཧྲུའུ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཀྲང་ཀོང་རོང་སྔ་གཞུག་ཏུ་ཡུས་ཧྲུའུ་རྫོང་སྐྱེ་རྒུ་གྲོང་བརྡལ་གྱི་བསྐྱར་འཛུགས་ལས་གནས་དང་། ཡུས་ཧྲུའུ་རྫོང་རབ་ཕྱུག་གོང་མ་དང་རྫ་སྟོད་རྫོང་རྣམ་སྲས་ཞང་། བྱ་ཕུག་ཐང་གྲོང་བརྡལ་དུ་སོང་ནས་བསྐྱར་འཛུགས་བྱ་བ་ཞིབ་བཤེར་བྱས་ཏེ། སྡོད་ཁང་འཛུགས་སྐྲུན་གྱི་འཕེལ་ཚུལ་དང་ཡང་ན་ཁང་གསར་ནང་དུ་བསྡད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་ མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་གྱི་རོགས་འཛུགས་ལས་བཟོ་བར་འཚམས་འདྲི་བྱས།ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ། ཡུས་ཧྲུའུ་རྫོང་སྐྱེ་རྒུ་གྲོང་བརྡལ་དུ། ཀྲང་ཀོང་རོང་གིས་སོ་སོར་སྐྱེ་རྒུ་གྲོང་བརྡལ་གྱི་དམངས་གཙོ་ལྷོ་ལམ་ཚན་ཁག་བཟོ་སྐྲུན་ཡུལ་དངོས་དང་། བྱ་ཆུ་ཁོག་ཚན་ཁག་གསུམ་པའི་བཟོ་སྐྲུན་ཡུལ་དངོས་སོགས་སུ་ཞིབ་བཤེར་བྱས་ཏེ། བཟོ་སྐྲུན་བྱེད་སའི་མགྱོགས་ཚུལ་དང་། གནས་པའི་གནད་དོན་ལ་ཞིབ་འདྲི་བྱས། ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། ཀྲང་ཀོང་རོང་སྔ་གཞུག་ཏུ་ཡུས་ཧྲུའུ་རྫོང་རབ་ཕྱུག་གོང་མ་ཞང་དང་རྫ་སྟོད་རྫོང་རྣམ་སྲས་ཞང་། བྱ་ཕུག་ཐང་གྲོང་བརྡལ་གྱི་སློབ་གྲྭ་དང་ཡང་ན་སྡོད་དམངས་ཀྱི་སྡོད་ཁང་སོགས་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་བཤེར་བྱས།ཉིན་གཉིས་ཀྱི་རིང་། འཛུགས་སྐྲུན་ཨར་ལས་ཡུལ་དངོས་རེ་རེ་རུ། ཀྲང་ཀོང་རོང་གིས་ཆེས་སེམས་ཁུར་བྱེད་པ་ནི་སྡོད་དམངས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཚུལ་དེ་ཡིན་ལ། ཁོས་ནན་གྱི་བསྟན་དོན། སྡོད་ཁང་འཛུགས་སྐྲུན་དམངས་འཚོ་དང་དམངས་སེམས་ལ་འབྲེལ་བ་ཡོད་ཅིང་། དེང་སྐབས་བསྐྱར་འཛུགས་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་གཙོ་བོ་ཞིང་ཡང་ཡིན་པས། ལས་ཡུན་དང་རྒྱུ་སྤུས། སྡོམ་རྩིས་བཅས་ལ་འགན་སྲུང་བྱས་ནས། སྔོན་བཀོད་ཀྱི་དུས་ཚོད་ལྟར་སྡོད་ཁང་འཛུགས་སྐྲུན་འགན་ཁུར་ལེགས་འགྲུབ་འབྱུང་དགོས་ཞིང་། ཁྱད་ཆོས་བསྐྲུན་པ་དང་མཐའ་འཁོར་གྱི་ཁོར་ཡུག་བཟོ་བཅོས་བཟང་སྒྲུབ་བྱེད་པར་དོ་སྣང་བྱས་ཏེ། གནོད་ཁུལ་མི་དམངས་མང་ཚོགས་སྔ་མོ་ནས་སྡོད་ཁང་གསར་བ་དང་། སྡེ་བ་གསར་བའི་ནང་དུ་སྤོར་དུ་བཅུག་ནས། ཡུས་ཧྲུའུ་ཡི་རྣམ་པ་གསར་བ་མངོན་དགོས་ཟེར།

  • ལེ་ཚན་སྔོན་མ།:ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་སྐབས་གཉིས་པའི་སློབ་མའི་བརྙན་ཐུང་འགྲེམ་སྟོན།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།