ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་སྐབས་གཉིས་པའི་སློབ་མའི་བརྙན་ཐུང་འགྲེམ་སྟོན།

དབང་མཆོག་འབུམ།    མཚོ་སྔོན་པོ་དྲ་བ།    2012-05-31

ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་སྐབས་གཉིས་པའི་སློབ་མའི་བརྙན་ཐུང་འགྲེམ་སྟོན།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སྐབས་གཉིས་པའི་སློབ་མའི་བརྙན་ཐུང་འགྲེམ་སྟོན།ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་སྐབས་གཉིས་པའི་སློབ་མའི་བརྙན་ཐུང་འགྲེམ་སྟོན།


འབྲེལ་ཡོད་བརྙན་ཐུང་ཕབ་སྐྲུན་གྱི་མི་སྣ་དག་གིས་རང་སོ་སོའི་མྱུར་ཚོར་བརྗོད་པ།

 

ཉེ་ལམ།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དུ་སྐབས་གཉིས་པའི་སློབ་མའི་བརྙན་ཐུང་འགྲེམ་སྟོན་བྱས་ཤིང་།  ཐེངས་འདིར་འགྲེམ་སྟོན་བྱས་པའི་བརྙན་ཐུང་ནི་སློབ་གྲོགས་དབང་མཆོག་འབུམ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གས་ཆག་ཤོར་བའི་པར་རིས་ཞེས་པ་དེ་རེད།  བརྙན་ཐུང་འདིའི་རིང་ཐུང་ལ་སྐར26ལྷག་ཡོད་པ་དང་།  བརྗོད་བྱ་གཙོ་བོ་ནི་བོད་ཀྱི་ན་གཞོན་སློབ་མ་ཚོའི་ཕུགས་བསམ་དང་བརྩེ་དུང་གི་སྐོར་རེད།    འགྲེམ་སྟོན་དུ་ཐོག་མར་བརྙན་ཐུང་བསྟན་པ་དང་།  དེ་ནས་འཁྲབ་ཁྲིད་པ་དང་བརྙན་ཐུང་སྒྱུར་སྐྲུན་གྱི་མི་སྣ་དག་སྟེགས་བུའི་སྟེང་དུ་སླེབས་ཏེ་རང་རང་གི་མྱོང་ཚོར་བརྗོད།   དེའི་རྗེས་དགེ་རྒན་གྱིས་ཁོ་ཚོའི་བརྙན་ཐུང་ལ་དཔྱད་བརྗོད་བྱས་པའི་མུར་སློབ་གྲོགས་རྣམས་ཀྱིས་བགྲོ་གླེང་དང་དྲི་བ་མང་པོ་བཏང་། 
 

ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་སྐབས་གཉིས་པའི་སློབ་མའི་བརྙན་ཐུང་འགྲེམ་སྟོན།
ཡུལ་དངོས་སློབ་གྲོགས་ཤིག་གིས་དྲི་བ་འདོན་པའི་ཚུལ།ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་སྐབས་གཉིས་པའི་སློབ་མའི་བརྙན་ཐུང་འགྲེམ་སྟོན།


འབྲེལ་ཡོད་བརྙན་ཐུང་ཕབ་སྐྲུན་གྱི་མི་སྣ་དག་ལྷན་དུ་པར་བླངས་པ།

གཏམ་རྒྱུད་ཁྲོད་ཀྱི་མགོན་པོ་དང་ལྷ་ལུང་འཚོ་གཉིས་ནི་སློབ་གྲོགས་ཀྱི་འབྲེལ་བ་ཡིན་ལ་མཛའ་གྲོགས་ཀྱི་འབྲེལ་བའང་ཡིན།  ཁོང་གཉིས་ནི་དུས་གཅིག་ཏུ་སློབ་འབྲིང་སློབ་མ་ནས་མཐར་ཕྱིན་ཞིང་སོ་སོའི་ཕུགས་བསམ་གྱི་སློབ་གྲྭར་རྒྱུགས་འཕྲོད།  ཡིན་ཡང་།  མགོན་པོ་ནི་ཆུང་དུས་ནས་འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཅིག་ཡིན་ལ།  ཁྱིམ་གྱི་དཀའ་ཁག་མང་པོ་ཞིག་གིས་ཁོ་རང་སློབ་ཆེན་དུ་འགྲིམ་རྒྱུར་བར་ཆད་ཐེབས་སོང་བ་དང།  ཁོ་དང་ལྷ་ལུང་འཚོའི་ལྷད་མེད་ཀྱི་བརྩེ་དུང་ལའང་གས་ཆག་ཤོར།  ལོ་འགའི་རྗེས་སུ་ལྷ་ལུང་འཚོ་ནི་སློབ་ཆེན་ག་གེ་མོ་ཞིག་ཏུ་ཡོད་ལ། མགོན་པོ་ནི་རྩྭ་ཐང་དུ་ལུག་རྫི་བྱས་ནས་བསྡད་ཡོད།  ཡིན་ཡང་ལྷ་ལུང་འཚོའི་སེམས་པ་དང་མགོན་པོའི་སེམས་པ་ནི་ད་དུང་མཉམ་གཅིག་ཏུ་འདྲེས་ཡོད་དེ།  མགོན་པོས་ནམ་ཡང་ཁོ་མོ་དང་ཁོའི་རྒྱང་རིང་གི་ཕུགས་བསམ་གཏན་ནས་བོར་མ་མྱོང་།


 

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་དུ་སྤེལ་པའི་འབྲིང་ཆུང་སློབ་མའི་ཞབས་བྲོ་འགྲན་བསྡུར།
  • ལེ་ཚན་རྗེས་མ།:ཀྲང་ཀོང་རོང་གིས་ཡུས་ཧྲུའུ་དང་རྫ་སྟོད་རྫོང་གཉིས་ཀྱི་བསྐྱར་འཛུགས་བྱ་བར་ཞིབ་བཤེར་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།