ཉིན་ཤས་གོང་། པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གིས་གཙོ་གཉེར་གནང་བ་དང་། ཏཱ་ལན་མི་རིགས་སློབ་གླིང་དཔེ་མཛོད་ཁང་དང་ཀྲུང་གོ་མི་རིགས་དཔེ་མཛོད་ཁང་། མི་རིགས་རིག་གནས་ཕོ་བྲང་འགྲེམ་སྟོན་ཁང་སོགས་ཀྱིས་མཉམ་གཉེར་གནང་བའི་ཏཱ་ལན་མི་རིགས་སློབ་གླིང་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་ཀྱི་གནའ་བོའི་རིག་གཞུང་འགྲེམ་སྟོན་དེ་ཀྲུང་གོ་མི་རིགས་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེར་ཏཱ་ལན་མི་རིགས་སློབ་གླིང་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་ཀྱི་གནའ་བོའི་རིག་གཞུང་འགྲེམ་སྟོན་བྱས་ཡོད་པ་དང་། ཆིང་རྒྱལ་རབས་དུས་དཀྱིལ་དང་དུས་མཇུག་སྐབས་ཀྱི་གསེར་ཡིག་གི་དཔེ་ཆ་ཁྱོན་བསྡོམས༡༩ཡོད་པ་རེད། དེ་མིན། ཏཱ་ལན་མི་རིགས་སློབ་གླིང་གིས་ད་དུང་མན་ཇུ་རིགས་དང་སོག་རིགས། ཁྲའོ་ཤན་རིགས། ཨེ་ལོན་ཁྲོན་རིགས། ཨེ་ཝུན་ཁེ་རིགས། ཏཱ་ཨོ་ཨེར་རིགས་སོགས་གཙོ་བོ་ཤར་བྱང་ཁུལ་དུ་འཚོ་སྡོད་བྱེད་མཁན་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། སྤྱི་ཚོགས་ཀྱི་ས་ཁམས་ཞིབ་འཇུག་གི་གྲུབ་འབྲས་སོགས་ད་ཐེངས་ཀྱི་བྱེད་སྒའི་ནང་འགྲེམ་སྟོན་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་འགྲེམ་སྟོན་དེ2014ལོའི་སྤྱི་ཟླ་དང་པོའི་ཚེས15ཉིན་གྱི་བར་དུ་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་པ་རེད།