བོད་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གིས་དམངས་ཀྱི་ཆེད་དུ་སྤྱོད་གཙང་ངང་བྱ་བ་སྒྲུབ་པའི་བླང་བྱ་དང་དམ་པོར་བསྟུན་པ་དང་། སྤྱོད་ཚུལ་དག་ཐེར་གྱི་སྙིང་སྟོབས་དང་བསྒྱུར་བཅོས་ཀྱི་སྙིང་སྟོབས། གསར་གཏོད་བྱ་ཐབས་བཅས་རྒྱུན་འཁྱོངས་བྱས་ཏེ་ཆེད་དོན་ཇུས་གཞི་ཞིབ་ཚགས་བཟོས་པ་དང་ཆེད་དོན་བཅོས་སྒྲིག་གཙོ་གནད་གཏན་འཁེལ་བྱས་ཐོག་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་བ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧོང་ཡུང་ཅིང་གིས་འགོ་ཁྲིད་ཀྱིས་སྣེ་འཁྲིད་དེ་དག་ཐེར་བྱེད་པ་དང་ཁྱོན་ཡོངས་དང་མ་ལག་ཆ་ཚང་བའི་སྒོ་ནས་དག་ཐེར་བྱེད་པ། དག་ཐེར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་བཅས་ཕྱོགས་གསུམ་ཐད་ནས་འགོ་བཙུགས་ཏེ་ཨུ་ཡོན་ལྷན་ཁང་དང་ཐིང་གི་ཏང་ཡོན1228ཀྱི་དག་ཐེར་དོན་འཁྱོལ་ལས་དོན་ཏན་ཏིག་སྤེལ་བ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ལས་དོན་ལ་སྐུལ་འདེད་བཏང་ནས། ཨུ་ཡོན་ལྷན་ཁང་དང་ཐིང་གི་སློབ་གསོ་ལག་ལེན་བྱེད་སྒོ་མགོ་ནས་མཇུག་བར་ཡག་པོ་སྤེལ་ཐུབ་པ་བྱས་པ་རེད་ཅེས་གསུངས་པ་རེད།
གནད་དོན་རྩད་ཞིབ་དང་སྐྱོན་བརྗོད་བྱེད་པའི་ལྷུ་ཚིགས་ལ་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གི་འབྲེལ་ཡོད་ཚན་པས། གྲོས་འགོ་དང་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ་དང་དུས་ཚོད་དང་པོའི་ནང་ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱས་ཏེ་དག་ཐེར་བྱེད་པར་བྱ་བ་ཆེ་ཆུང་མེད་པ་དང་ཆད་ལུས་མེད་པར་དག་ཐེར་བྱས་པ་རེད། རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་སློབ་གསོའི་ལག་ལེན་བྱེད་སྒོའི་གཞུང་ལས་ཁང་ཕྱོགས་བསྡུས་ཚོགས་ཆུང་གི་ཙུའུ་ཀྲང་ཤེ་ཐའོ་ཡིས་དོན་འཁྱོལ་བརྒྱུད་རིམ་ནང་། ང་ཚོས་དག་ཐེར་ཇུས་གཞི་ཞིབ་ཕྲ་བཟོས་པ་མ་ཟད་དག་ཐེར་དོན་འཁྱོལ་གྱི་བྱ་ཐབས་དང་ལས་འགན་གྱི་དེབ། དུས་ཚོད་རེའུ་མིག་བཅས་སྔར་བས་ཁ་གསལ་བཟོས་པ་དང༌། དེང་སྐབས་ང་ཚོའི་དག་ཐེར་བྱ་ཐབས་ཁག57ནང་ནས42དོན་འཁྱོལ་ཟིན་པ་རེད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་སློབ་གསོ་ཚན་རིག་སོའོ་སློབ་གསོ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཅང་གྲང་ཀྲའུ་ཡིས་ཏན་ཏིག་དང་། གཏིང་ཟབ་ངང་དག་ཐེར་བྱས་པ་བརྒྱུད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་པའི་ལས་ཀའི་རྣམ་འགྱུར་དང་བསམ་པའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་དང༌། ལས་ཀར་ཕྱི་འབྱོར་སྔ་ལོག་མི་བྱེད་པ། ལས་ཕྱོད་མཐོ་རུ་ཕྱིན་པ། ཚོགས་འདུ་མང་པོ་མི་ཚོགས་པ། གཞི་རིམ་དང་འབྲེལ་བ་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད། །