བོད་ལྗོངས་ཀྱིས་དགོན་སྡེ་སྟོང་ཕྲག་ལྷག་ལ་ཆུ་དང་གློག་འཐེན་པ་དང་ལམ་ལས་པ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2013-12-25

ཉེ་སྔོན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།རང་སྐྱོང་ལྗོངས་ཆོས་ལུགས་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན།བོད་ལྗོངས་ཀྱིས་དགོན་སྡེ་སྤྱི་ཚོགས་རྩ་འཛུགས་ཀྱི་གཞི་རྩ་རུ་བཟུང་ནས།རྒྱ་ཆེ་གྲྭ་བཙུན་རྣམས་སྤྱི་དམངས་ཕལ་བ་དང་རྩ་བའི་མང་ཚོགས་སུ་རྩིས་ནས།གྲྭ་བཙུན་རྣམས་ཀྱི་བྱ་བ་མང་ཚོགས་བྱ་བའི་ཆ་ཤས་ལྟར་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ།དགོན་སྡེའི་སྤྱི་བའི་ཞབས་ཞུ་ནུས་བ་ཇེ་མཐོར་བཏང་བ་དང་།དགོན་སྡེའི་རྨང་གཞི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་རེད།
ད་ལོའི་སྤྱི་ཟླ9བའི་བར།བོད་ལྗོངས་ཀྱིས་དགོན་སྡེ1299ལ་ལམ་བཟོས་པ་དང་།དགོན་སྡེ1178ལ་གློག་འཐེན་པ།དགོན་སྡེ1310ལ་ཆུ་འཐེན་པ།དགོན་སྡེ971ལ་རྒྱང་སྒྲོག་བརྙན་འཕྲིན་འཐེན་པ་དང་།དགོན་སྡེ1751ལ་འཕྲིན་གཏོང་ཁེབས་པ་མངོན་འགྱུར་བྱས།དགོན་སྡེ་ལ་སྟབས་བདེ་བསྐྲུན་པ་དང་གྲྭ་བཙུན་ལ་ཕན་པའི་གནད་དོན་འདི་དག་དངོས་འབེབས་བྱས་པ་དང་བསྟུན་ནས།དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་རེ་བ་བྱེད་བཞིན་ཡོད་ལ།ཆེས་ཐད་ཀར་དང་མངོན་སུམ་ཡིན་པའི་གནད་དོན་དག་ཕན་ནུས་ལྡན་པའི་ངང་ཐག་གཅོད་བྱས་པ་རེད། 
 
  • ལེ་ཚན་སྔོན་མ།:ཏཱ་ལན་མི་རིགས་སློབ་གླིང་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་ཀྱི་གནའ་བོའི་རིག་གཞུང་འགྲེམ་སྟོན་པེ་ཅིང་ད
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚང་འ
  • དོ་སྣང་ཆེ་བའི་རྩོམ།