ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ལག་བསྟར་བྱེད་པའི་སྐབས་བོད་ལྗོངས་ཀྱི་སྡོད་ཁང་དང་འགྲིམ་འགྲུལ།སྨན་བཅོས།སྐྱེ་ཁམས།གལ་ཆེའི་ལས་གྲྭ།ནོར་སྲིད་ཡོང་འབབ།ཡུལ་སྐོར་ལྗོངས་རྒྱུ།བོད་སྐྱོར་སོགས་གང་ཅིའི་ཐད་ཀྱི་གཞི་གྲངས་ལ་བལྟས་ན་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་གང་ཅིའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།མི་རིགས་ཁག་གི་མང་ཚོགས་ལ་དྲོད་སྐྱིད་ལྡན་པའི་འཚོ་བའང་བསྐྲུན་ཡོད་རྒྱུར་མཚོན་ཐུབ་པ་སྟེ།
གཞི་གྲངས་གཅིག་ནི་ཞིང་འབྲོག་དམངས་ཁྲི143ལྷག་ཙམ་སྡོད་ཁང་གསར་པ་སྤོས་ནས་བདེ་སྡོད་ལས་བརྩོན་གྱི་རྨི་ལམ་མངོན་འགྱུར་བྱུང་།ལོ་ལྔའི་ནང་རྒྱལ་ཁབ་ཀྱིས་རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར170བརྒྱབ་ནས་ལྗོངས་ཡོངས་ཀྱི་སྡོད་ཁང་ཆ་རྐྱེན་ཅུང་ཞན་པའི་དུད་ཚང་ཁྲི30དང་ཞིང་འབྲོག་དམངས་ཁྲི14ལྷག་ཙམ་ལ་ཉེན་མེད་དང་སྤྱོད་གོ་ཆོག་པའི་སྡོད་ཁང་གསར་པའི་ནང་སྤོ་བཅུག་ཡོད།
གཞི་གྲངས་གཉིས་ནི་སྐྱེ་ཁམས་སྲུང་སྐྱོང་ཐད་ལ་མ་དངུལ་དུང་ཕྱུར101བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན།
ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་བོད་ལྗོངས་ཀྱི་ཁོར་ཡུལ་སྲུང་སྐྱོང་དང་སྐྱེ་ཁམས་འཛུགས་སྐྲུན་ཐད་ལ་སྤྱོད་པའི་མ་དངུལ་སྒོར་དུང་ཕྱུར101ཐོག་སླེབས་པ།ལོ་ལྔའི་འཆར་གཞི་བཅུ་པའི་སྐབས་ལས་ལྡབ3ལྷག་ཙམ་ཡིན་པ།
གཞི་གྲངས་གསུམ།གཙོ་གནད་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར1378བརྒྱབ་ནས་བོད་ལྗོངས་ལ་འཕེལ་རྒྱས་གཏོང་ཤུགས་སྣོན་པ།
རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་འཆར་འགོད་རྣམ་གྲངས188 གཏན་འབེབས་བྱས་ནས་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར1378བརྒྱབ་པ།མིག་སྔར་ཚང་མ་ལས་འགོ་ཚུགས་པ་དང་རྣམ་གྲངས109གྲུབ་པ།
གཞི་གྲངས་བཞི།གཞུང་ལམ་སྤྱིའི་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི5.8ཐོག་སླེབས་པ་དང་རྒྱང་ཐག་རིང་བའི་བོད་ལྗོངས་དེ་ནས་བཟུང་ཐག་མི་རིང་བ་གྱུར།
ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་མེ་ཏོག་གཞུང་ལམ་ནས་ལྷ་ས།ལྷ་ས་ནས་གངས་དཀར་གནམ་གྲུ་ཐང་བར་གྱི་གཞུང་ལམ་ལས་འགོ་ཚུགས་པ།རྒྱལ་ལམ་བརྒྱ་ཆ་80ཡན་ཆད་ལ་ལམ་ངོས་ནག་བཟོས་བཅོས་སྐྱོང་ལས་ཀ་དང་རྫོང་བགྲོད་གཞུང་ལམ54གྲུབ་པ།
གཞི་གྲངས་ལྔ།ལོ་རེར་ཆ་སྙོམས་མི་རེའི་ཡོང་འབབ་ཁེ་གཙང་སྒོར་3990ཐོག་སླེབས་པ་དང་ཞིང་འབྲོག་དམངས་ཀྱི་དངུལ་ཁུག་ཉིན་རེ་ལས་ཉིན་རེ་གང་ཡོང་བ།
བོད་ལྗོངས་ཀྱི་ཞིང་འབྲོག་དམངས་ཆ་སྙོམས་མི་རེའི་ཡོང་འབབ་ཁེ་གཙང་བསྟུན་མར་ལོ8ལ་གྲངས་གནས་གཉིས་འཕར་བར་སྲུང་འཛིན་ཐུབ་ཡོད།2010ལོར་སྒོར3390ཐོག་སླེབས་ནས་2005ལོ་ལས་བརྒྱ་ཆ92འཕར་བ།
གཞི་གྲངས་དྲུགཞིང་འབྲོག་དམངས་ཀྱི་སྨན་ཡོན་མི་དགོས་པའི་སྨན་བཅོས་ཐད་ལ་སྒོར་དུང་ཕྱུར17བརྒྱབ་ནས་བོད་ལྗོངས་ཀྱི་སྨན་བཅོས་ཆ་ལེགས་སུ་བཏང་ཡོད།
ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་དམངས་ཀྱི་རིན་ཡོན་མི་དགོས་སྨན་བཅོས་ཐད་ཀྱི་གྲོན་དངུལ་སྒོར་དུང་ཕྱུར17ལྷག་ཙམ་སྤྱད་པ་རེད།ཞིང་འབྲོག་དམངས་ཀྱི་སྨན་བཅོས་ཁ་གསབ་ཚད་ལྡན་དེ་ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་གི་ལོ་རེར་ཆ་སྙོམས་མི་རེའི་སྒོར80ནས་སྒོར180ལས་མཐོར་འདེགས་གཏོང་ཡོད།
གཞི་གྲངས་བདུན།ཚོང་རའི་ཚོང་བདག་ཐེངས་དང་པོར་སྒོར་ཁྲི10ལ་བརྒལ་བ།
2010ལོར་བོད་ལྗོངས་སུ་ཚོང་རའི་ཚོང་བདག་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ལྗོངས་ཡོངས་སུ་ཚོང་རའི་ཚོང་བདག་ཐེངས་དང་པོར་དུད་ཚང་ཁྲི10ལས་བརྒལ་བ་རེད།
གཞི་གྲངས་བརྒྱད།བོད་ལྗོངས་ཀྱིས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་མི་གྲངས་དང་ཐེངས་གྲངས་ཁྲི2125སྣེ་ལེན་བྱས་ཡོད།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་བོད་ལྗོངས་ཀྱིས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་མི་གྲངས་དང་ཐེངས་གྲངས་ཁྲི2125སྣེ་ལེན་བྱས་ནས་ས་ཆ་སྙོམས་ལོ་རེར་བརྒྱ་ཆ30.6འཕར་སྣོན་བྱུང་ཡོད།ལྗོངས་རྒྱུ་ཡོང་འབབ་བསྡོམས་པས་སྒོར་དུང་ཕྱུར226.2མངོན་འགྱུར་བྱུང་བ་དང་ཆ་སྙོམས་ལོ་རེར་བརྒྱ་ཆ29.8འཕར་བ་རེད།
གཞི་གྲངས་དགུ།ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར126ཐོག་སླེབས་པས།བོད་ལྗོངས་ཀྱིས་རང་ཉིད་འཕེལ་རྒྱས་ནུས་ཤུགས་མངོན་གསལ་དུ་མཐོར་འདེགས་གཏོང་ཡོད།
ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས།བོད་ལྗོངས་ཀྱི་བཅོས་བསྒྱུར་ཇེ་ཟབ་ཏུ་བཏང་ཞིང་།སྒོ་འབྱེད་རྒྱ་ཆེ་རུ་བཏང་ཆེད།རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བསྣན་ཏེ་ལོ་ལྔའི་ནང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར126མངོན་འགྱུར་བྱུང་ནས་ལོ་ལྔའི་འཆར་གཞི་བཅུ་པའི་སྐབས་ལས་བརྒྱ་ཆ188འཕར་བ་རེད།
གཞི་གྲངས་བཅུ།རྒྱལ་ཡོངས་སུ་རིམ་བསགས་ཀྱིས་བརྩིས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར75.7་སླེབས་པ།
ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་རྒྱལ་ཡོངས་སུ་རིགས་མཐུན་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བསྣན་ཏེ་རིམ་བསགས་ཀྱིས་བརྩིས་ན་བོད་སྐྱོར་ཀྱི་མ་དངུལ་སྒོར་དུང་ཕྱུར75.7ཐོག་སླེབས་པས་ཞིང་འབྲོག་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཡོད།