བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་དང་འཁྲབ་ཁྲིད་པ་གྲགས་ཅན་ལོའུ་ཁྲོན་གཉིས་ཀྱིས་ཡང་བསྐྱར་ལག་རྡང་གཅིག་ཏུ་སྦྲེལ་བ།

ཚེ་བཀྲ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-02-21

ཉེ་ལམ། བོད་ཀྱི་ཆེད་ལས་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་ལ་རྒྱལ་ནང་གི་གློག་བརྙན་འཕྲིན་འགྲེམ་སྤེལ་ཀུང་སི་འདྲ་མིན་གྱིས་གློག་བརྙན་འཕྲིན་གྱི་བརྩམས་ཆོས་གསར་པ་ཕབ་སྐྲུན་བྱེད་པར་གདན་འདྲེན་མང་དུ་བྱས་ཀྱང་ཁོས་དང་ལེན་མ་བྱས་པ་རེད། ཏག་ཏག་ལོ་སར་གྱི་སྔོན་ལ་ཁོས་རྒྱའི་གློག་བརྙན་འཁྲབ་ཁྲིད་པ་ཀྲང་ལི་ཡིས་འཁྲབ་ཁྲིད་བྱས་པའི་ལོ་རྒྱུས་བརྗོད་བྱ་ཡིན་པའི་གློག་བརྙན་དེ་འཁྲབ་སྟོན་བྱེད་རྒྱུ་ཁས་བླངས་རྗེས། རྒྱུན་མཐུད་ནས་རྒྱའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ལོའུ་ཁྲོན་གྱིས་ལོ་བཅུ་ཐམ་པར་གྲ་སྒྲིག་སྟ་གོན་གང་ལེགས་བྱས་པའི་གློག་བརྙན་ཞིག་འཁྲབ་སྟོན་བྱེད་རྒྱུར་ཡང་ཁས་བླངས་པ་རེད། ལོ་བཅུའི་ཡར་སྔོན་ལ། «ཨ་ཆེན་གངས་རྒྱབ»ཅེས་པའི་གློག་བརྙན་དེས་སྐུ་ཞབས་སྟོབས་རྒྱལ་གྱི་མཚན་སྙན་རྒྱལ་ནང་ནས་འཛམ་གླིང་ལ་བསྒྲགས་པར་མ་ཟད། འཁྲབ་ཁྲིད་པ་ལོའུ་ཁྲོན་གྱི་མཚན་སྙན་ཡང་ཆེས་ཆེར་རྒྱས་སུ་བཅུག་ལ། གློག་བརྙན་དེར་བྱ་དགའི་རྟགས་མ་ཡང་མང་པོ་ཞིག་ཐོབ་པ་རེད།
   ད་རེབ་ལོའུ་ཁྲོན་གྱིས་ཡང་བསྐྱར་རང་ཉིད་ཀྱི་གློག་བརྙན་བརྩམས་ཆོས་གསར་པའི་ནང་སྐུ་ཞབས་སྟོབས་རྒྱལ་གདན་འདྲེན་བྱས་པར། སྟོབས་རྒྱལ་རང་ནས་གློག་བརྙན་འདི་ཡག་པོ་ཞིག་འཁྲབ་སྟོན་བྱ་ཆེད་མུ་འབྲེལ་བརྙན་འཕྲིན་ཟློས་གར་གཉིས་ཀྱི་གདན་ཞུ་ཁས་ལེན་མ་བྱས་པ་རེད། ཡིན་ཡང་སྟོབས་རྒྱལ་གྱིས་བཤད་རྒྱུར། སྤུན་ཟླ་ལོའུ་ཁྲོན་གྱི་གློག་བརྙན་བརྩམས་ཆོས་དེའི་ཕྱིར་དུ་མུ་འབྲེལ་བརྙན་འཕྲིན་ཟློས་གར་གཉིས་ཀྱི་རེ་བ་དེ་དང་ལེན་མ་བྱས་ཀྱང་རིན་དོད་ཡོད་པ་ཞིག་རེད་དེ། ལོའུ་ཁྲོན་ནི་རང་ཉིད་ཀྱི་ཕ་མ་གཅིག་གི་སྤུན་ཟླ་འདྲ་བས་ངས་ཁོའི་རེ་བ་སྟོང་ཟད་དུ་གཏོང་མི་སྲིད་ལ། ཁོའི་རེབ་འདིའི་གློག་བརྙན་གྱི་ཇུས་འགོད་དང་གྲ་སྒྲིག་ཚགས་སུ་ཆུད་ཡོད་ལ། ལོ་ངོ་བཅུའི་རྗེས་ཀྱི་ངའི་གཉིས་ཀྱི་ལག་རྡང་མཉམ་འབྲེལ་གྱི་བརྩམས་ཆོས་དེས་དེ་ལས་ལྷག་པའི་ངོ་མཚར་གྱི་གྲུབ་འབྲས་ཤིག་བསྐྲུན་པར་ང་ལ་ཡིད་ཆེས་ཡོད་ཟེར།

བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་དང་འཁྲབ་ཁྲིད་པ་གྲགས་ཅན་ལོའུ་ཁྲོན་གཉིས་ཀྱིས་ཡང་བསྐྱར

བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ།

  • ལེ་ཚན་སྔོན་མ།:གཞི་གྲངས་བཅུ་ནས་བོད་ལྗོངས་ཀྱི་ལོ་ལྔའི་འཕེལ་རྒྱས་མཚོན།
  • ལེ་ཚན་རྗེས་མ།:གློག་བརྙན། «སྒྲོལ་མའི་མགུལ་རྒྱན»ལོ་སར་སྐབས་སུ་ལྟ་མཁན་ལྷན་རྒྱས་ཀྱི་སྤྱན་ངར་འབུལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།