ཀྲུང་གུང་ཀྲུང་དབྱང་གིས་དཔྱིད་གསར་གྱི་ཉ་གང་དུས་ཆེན་དགའ་སྟོན་དགོངས་ཚོགས་འཚོགས་པ།

        2011-02-21

ཧུའུ་ཅིན་ཐའོ་དང་ཝུའུ་པང་གོ།ཝུན་ཅ་པའོ།ཅ་ཆིང་ཉིན།ཞི་ཅིན་ཕིང་།ལི་ཁེ་ཆང་།ཀྲོའུ་ཡུང་ཁང་སོགས་དགོངས་ཚོགས་ནང་ཕེབས་པ།ལི་ཁྲང་ཁྲུན་གྱི་གཙོ་འགན་བཞེས་པ།     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ2པའི་ཚེས17ཉིན་འབྱོར་བའི་གཏམ་གསར།ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་དཔྱིད་གསར་ཀྱི་ཉ་གང་དུས་ཆེན་ཤར་བ་སྐབས།ཀྲུང་གུང་ཀྲུང་དབྱང་གིས་ཚེས17ཉིན་གྱི་དགོང་མར་མི་དམངས་ཚོགས་ཁང་ཆེན་པོའི་ནང་མཉམ་སྤྲོའི་དགོང་ཚོགས་འཚོགས་པ།ཧུའུ་ཅིན་ཐའོ་དང་ཝུའུ་པང་གོ།ཝུན་ཅ་པའོ།ཅ་ཆིང་ཉིན།ཞི་ཅིན་ཕིང་།ལི་ཁེ་ཆང་།ཀྲོའུ་ཡུང་ཁང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་།རྒྱལ་ས་པེ་ཅིན་གྱི་ཤེས་ཡོན་ལས་རིགས་ཀྱི་འཐུས་མི་དགའ་འཛོམས་བྱས་ནས་ཉ་གང་དུས་ཆེན་རོལ་བ།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་གཙོ་འགན་བཞེས་པ།ཁོང་གིས་ཀྲུང་གུང་ཀྲུང་དབྱང་གིས་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཤེས་ཡོན་ལས་རིགས་ཀྱི་བློ་མཐུན་ཚོ་དང་གྲོགས་པོ་རྣམས་ལ་དཔྱིད་གསར་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུ་བ།     ་ལི་ཁྲང་ཁྲུན་གྱིས་བཤད་རྒྱུར།2010ལོར་རང་རྒྱལ་གྱི་འཕེལ་རིམ་ནང་ཧ་ཅང་མི་འདྲ་བའི་ལོ་ཞིག་ཡིན་པས།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་གྱིས་སྣེ་ཁྲིད་གནང་འོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་གཅིག་སེམས་གཅིག་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་དང་ཀོང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་ལེགས་པ་གཉེར་བ་དང་།མཚོ་སྔོན་ཡུལ་ཤུལ་ས་འགུལ་ཆག་སྒོ་ཆེན་པོ་།ཀན་སུའུ་འབྲུག་ཆུའི་འདམ་རྡོ་ཆུ་རུད་ཚབས་ཆེན་སོགས་རང་བྱུང་གི་གནོད་འཚེ་ཚབས་ཆེན་ལས་རྒྱལ་ཁ་ཐོབ་པ།སྔར་ལྷག་གིས་རྒྱལ་སྤྱིའི་དངུལ་རྩ་ཉམས་ཉེན་གྱི་ཁ་གཏད་འཇལ་པའི་གྲུབ་འབྲས་ལ་སྲ་བརྟན་དང་རྒྱ་ཆེ་རུ་གཏོང་ཡོད།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དམིགས་འབེན་ལས་འགན་རྣམ་པ་རྒྱལ་པའི་ངང་གྲུབ་པ།སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན་།རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན།སྐྱེ་ཁམས་དང་དཔལ་ཡོན་འཛུགས་སྐྲུན།ཏང་གི་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཕྱོགས་བསྡུས་རྒྱལ་ཤུགས།མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་གོ་རིམ་གསར་པ་ཞིག་ལ་སླེབས་ཡོད།2011ལོ་ནི་ཀྲུང་གུང་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ90འཁོར་བ་ཡིན་ལ་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་འགོ་རྩོམ་པའི་ལོའང་ཡིན་པ།ཚང་མས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་གསར་པ་བརྩོན་ལེན་བྱ་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱ་རྒྱུར་བྱས་རྗེས་བཞག་དགོས།     དགོངས་ཚོགས་ནང་མི་རིགས་ཁག་གི་རིག་གནས་སྒྱུ་རྩལ་འཁྲབ་བྱས་ནས་མེས་རྒྱལ་ལ་སྙིང་ཐག་པ་ནས་བཀྲ་ཤིས་སྨོན་འདུན་ཞུ་བ།དགོངས་ཚོགས་སྤེལ་རིང་ཧུའུ་ཅིན་ཐའོ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཚང་མ་དང་མཉམ་དུ་འབྲས་བཟོས་རིལ་བུ(ཐང་ཡོན)ཟ་ཞིང་།དགའ་སྤྲོ་ཆེན་པོས་རང་རྒྱལ་འབྱུང་འགྱུར་གྱི་འཕེལ་རྒྱས་བཤད་དེ་ཚོགས་རའི་དགའ་སྤྲོ་ཁེངས་ཤིང་བཀྲ་ཤིས་ཕུན་ཚོགས་པའི་རྣམ་པ་ཞིག་ཆགས་ཡོད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་རྒྱ་ཆེ་རུ་བསྐྱེད་ཆེད་ས་གནས་རང་གི་ཁྱད་ཆོས་ལ
  • ལེ་ཚན་རྗེས་མ།:གཞི་གྲངས་བཅུ་ནས་བོད་ལྗོངས་ཀྱི་ལོ་ལྔའི་འཕེལ་རྒྱས་མཚོན།
  • དོ་སྣང་ཆེ་བའི་རྩོམ།