ནག་ཆུ་དམངས་ཁྲོད་རིག་གནས་དཔེ་ཚོགས《བྱང་ཐང་གཅེས་བསྡུས》ལེགས་སྒྲིག་བྱེད་མགོ་བརྩམས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-09-30

ཉེ་ལམ། 《ནག་ཆུ་དམངས་ཁྲོད་རིག་གནས་དཔེ་ཚོགས》འཚོལ་སྡུད་ལེགས་སྒྲིག་དང《བྱང་ཐང་གཅེས་བསྡུས》འདེམ་སྒྲིག་བྱ་བ་དངོས་སུ་མགོ་བརྩམས་ཤིང་། མིག་སྔར་བདེ་བླག་ངང་སྤེལ་གྱི་ཡོད་པ་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། 《ནག་ཆུ་དམངས་ཁྲོད་རིག་གནས་དཔེ་ཚོགས》སུ་དམངས་གླུ་དང་། གཏམ་དཔེ། གབ་ཚིག གེ་སར་སྒྲུང་། ངག་རྒྱུན། ངལ་རྩོལ་གླུ་གཞས། དེ་མིན་བོད་བྱང་ཐང་གི་ཡུལ་སྲོལ་སོགས་འདུས་ཤིང་། ནག་ཆུ་ས་ཁུལ་གྱི་དམངས་ཁྲོད་རིག་གནས་ཕྱོགས་ཡོངས་ནས་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པ་ཡིན། 《བྱང་ཐང་གཅེས་བསྡུས》ཞེས་པའི་ནང《བྱང་ཐང》དུས་དེབ་ཏུ་ལོ་ངོ་སུམ་ཅུ་ལྷག་ལ་སྤེལ་བའི་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག་སོགས་འདུས་ལ། ནག་ཆུ་ས་ཁུལ་གྱི་རིག་རྩལ་བརྩམས་ཆོས་གསར་རྩོམ་ཐད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་ཞིང་། དམངས་ཁྲོད་རིག་གནས་དང་རིག་རྩལ་བརྩམས་ཆོས་འདེམ་སྒྲིག་དང་ལེགས་སྒྲིག་བྱ་བ་ལེགས་པོ་སྒྲུབ་པར། ནག་ཆུ་ས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་དུ་རྩོམ་རིག་དང་དམངས་སྲོལ་ཐད་ཀྱི་ཆེད་མཁས་པ་བཅུ་ལྷག་གདན་འདྲེན་བྱས་པ་དང་། མིག་སྔར་བྱ་བ་ཡོངས་སུ་བདེ་བླག་ངང་སྤེལ་བ་ཡིན།
  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར6ལྷག་བཏང་ནས་གཏེར་རི་སྔོག་འདོན་་མུའུ་ཁྲི15ལྷག་སླར་གསོ་བྱས་པ།
  • ལེ་ཚན་རྗེས་མ།:སྨན་པ་སྟག་འབྲུག་ཚེ་རིང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་འཆད་ཁྲིད་གནང་།
  • དོ་སྣང་ཆེ་བའི་རྩོམ།