སྨན་པ་སྟག་འབྲུག་ཚེ་རིང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་འཆད་ཁྲིད་གནང་།

ལྷ་མོ་སྐྱབས།    མཚོ་སྔོན་པོ་དྲ་བ།    2013-09-30

ཟླ9བའི་ཚེས25ཉིན་གྱི་ཕྱི་དྲོའི་དུས་ཚོད7:00གྱི་སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པའི་མུ་འབྲེལ་རིག་གཞུང་འཆད་ཁྲིད་སྟེང་དུ་མཚོ་སྔོན་ཞིང་ཆེན་བོད་སྨད་ཁང་གི་སྨན་པ་སྟག་འབྲུག་ཚེ་རིང་གིས་ལྷོ་གླིང་དར་མའི་སློབ་ཁྲིད་ཐོག་ཁང་དུ་སློབ་ཆེན་སློབ་མའི་ནད་མེད་ཚེ་བསྲིང་བྱ་བའི་སྐོར་གྱི་འཆད་ཁྲིད་གནང་ལ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་སློབ60ལྷག་ཐེངས་འདིའི་འཆད་ཁྲིད་དུ་ཞུགས་ཡོད།
        སྨན་པ་སྟག་འབྲུག་འབུམ་གྱིས་རང་ཉིད་ཀྱི་ལོ་ངོ་དུ་མའི་སྨན་བཅོས་ཉམས་མྱོང་དང་འབྲེལ་ནས་སློབ་ཆེན་སློབ་མའི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཟས་སྤྱོད་དང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཕྱོགས་ཀྱི་འཛེམ་བྱ་དང་། མཉམ་འཇོག་དགོས་ས་སོགས་དངོས་ཡོད་འཚོ་བ་དང་སྦྱར་ནས་གསལ་བོར་གསུངས། དེ་མིན་སློབ་མ་རྣམས་ལ་དུས་རྒྱུན་འཚོ་བའི་ཁྲོད་ནས་གཙང་སྦྲ་ལ་དོ་སྣང་བྱེད་དགོས་ཚུལ་དང་། དེང་སྐབས་ཀྱི་ཞོར་ཟས་རིགས་སྣ་ཚོགས་ཀྱིས་མིའི་ལུས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ། སྔ་མོར་ནངས་ཇ་ངེས་པར་དུ་འཐུང་དགོས་པ་དང་དགོང་མོ་ཉལ་ཁར་ཟས་ཟ་མི་རུང་བའི་ཕྱོགས། སློབ་མའི་སེམས་ཁམས་བདེ་ཐང་གི་སྐོར་བཅས་ཕྱོགས་མང་པོ་ཞིག་ནས་མི་ལུས་བདེ་ཐང་དང་འབྲེལ་བའི་ཤེས་བྱ་མང་པོ་གསུངས་པར་དགེ་སློབ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།
 
  • ལེ་ཚན་སྔོན་མ།:ནག་ཆུ་དམངས་ཁྲོད་རིག་གནས་དཔེ་ཚོགས《བྱང་ཐང་གཅེས་བསྡུས》ལེགས་སྒྲིག་བྱེད་མགོ་བརྩམས།
  • ལེ་ཚན་རྗེས་མ།:གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་དངོས་རིན་ཐང་སྒོར་ཐེར་འབུམ1དང་དུང་ཕྱུར1ལ་སླེབས་པ།
  • དོ་སྣང་ཆེ་བའི་རྩོམ།