མཚོ་སྔོན་གསར་འགྱུར་དྲ་བ། 2013-09-30
མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱིས་ཧུར་བརྩོན་གྱིས་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ་དང་ནོར་སྲིད་པུའུ་ལ་གཏེར་རི་ས་གཤིས་ཁོར་ཡུག་སླར་གསོ་ལེགས་བཅོས་བྱེད་པའི་ལས་གཞིའི་སྙན་ཞུ་ཕུལ་ཏེ་མ་དངུལ་བརྩོན་ལེན་བྱས། མཚོ་སྔོན་ཞིང་ཆེན་གྱིས2003ལོ་ནས་བཟུང་སྔོན་ཆད་ཀྱི་གཏེར་རིའི་ཁོར་ཡུག་ལེགས་བཅོས་བྱ་བ་སྒྲུབ་མགོ་བརྩམས་ཤིང་། 2010ལོའི་བར་དུ་ཀྲུང་དབྱང་དང་ཞིང་ཆེན་ནོར་སྲིད་ཀྱི་གཏེར་རི་ས་གཤིས་ཁོར་ཡུག་ལེགས་བཅོས་ཁ་གསབ་མ་དངུལ་སྒོར་ཁྲི55715.5བརྩོན་ལེན་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གསེར་དང་བྱེ་མ་སྔོག་འདོན་ཁུལ་གྱི་གཏེར་རི་ས་གཤིས་ཁོར་ཡུག་སླར་གསོ་ལེགས་བཅོས་བྱས་པ་དང་། ས་གཤིས་སླར་གསོ་ལེགས་བཅོས་བྱས་པ་མུའུ་ཁྲི14ལ་སླེབས་ཡོད། 2011ལོའི་ལོ་མཇུག་ཏུ་ཡང་བསྐྱར་ཀྲུང་དབྱང་ནོར་སྲིད་ཁ་གསབ་མ་དངུལ་སྒོར་ཁྲི4500བརྩོན་ལེན་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དང་ཚྭ་འདམ་གཞོང་གི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་གཏེར་རི་ལེགས་བཅོས་བྱས་ཏེ། མུའུ10926ལ་ལེགས་བཅོས་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10