ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་གཟབ་རྒྱས་ངང་འཚོགས་འགོ་ཚུགས།

སྒྲོལ་མ་ཚེ་མཚོས་བསྒྱུར།        2011-01-20

རང་ཁུལ་གྱི་འཐུས་མི32གྲོས་ཚོགས་ནང་ཞུགས་པ་དང་།མི་སྣ25གྲོས་ཚོགས་ནང་ཟུར་ཞུགས་བྱས།
     ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་དེ་ཚེས18ཉིན་གྱི་སྔ་དྲོར་ཁྲེང་ཏུའུ་ཅིན་ཅང་ཚོམས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་འགོ་ཚུགས།
     ཚོགས་ཆེན་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ལིའུ་ཆི་པའོ་ཡིས་གཙོ་འགན་བཞེས།
     །ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ཁའོ་ཙུན་ཕིང་དང་།ཀོན་ཏའོ་མིང་།ཧན་ཀྲུང་ཞི་སོགས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
     ཞིང་དཔོན་ཅང་ཅུས་ཧྥེང་གིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གནང་བ།སྙན་ཞུ་དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་སྐབས་ཀྱི་ལས་ཀར་ཕྱི་མིག་བལྟས་པ་དང་།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་སྤྱིའི་དམིགས་ཡུལ་ལས་འགན།2011ལོའི་ལས་ཀར་བཀོད་སྒྲིགསྲིད་གཞུང་གི་རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཁག་བཞི་རུ་བགོས་ཡོད།ལོ་ལྔའི་འཆར་གཞི་བཅུ་གཅིག་པར་ཕྱི་མིག་བལྟ་སྐབས་ཅང་ཅུས་ཧྥེང་གིས་བསྟན་དོན།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་སི་ཁྲོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་པ་རེད།ང་ཚོས་མི་ཁྲི་སེམས་གཅིག་དང་།ཐུན་མོང་དུ་དཀའ་ངལ་སེལ་ནས་ཝུན་ཁྲོན་དུ་ས་འགུལ་ཆེན་པོ་སོགས་རང་བྱུང་གནོད་སྐྱོན་ཚབས་ཆེན་ལས་རྣམ་པར་རྒྱལ་ནས་འགུལ་འགོག་གནོད་སེལ་དང་གནོད་སྐྱོན་ཐེབས་རྗེས་ཁྱིམ་གཞིས་བསྐྱར་འཛུགས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད།ང་ཚོས་གོ་སྐབས་དམ་འཛིན་པ་དང་།མ་སྐུལ་དང་བླངས་ཀྱི་བྱ་བ་བསྒྲུབས་ནས་རྒྱལ་སྤྱིའི་དངུལ་རྩ་ཉམས་ཉེན་གྱི་བརྡག་རྡེག་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ།མ་དངུལ་གཏོང་འཇོག་སྐུལ་འཐེན།ཐོན་ལས་སྐྱོར་འདེགས།དཔལ་འབྱོར་རྒྱུན་སྲིང་བརྟན་བརླིང་ངང་འཕར་སྣོན་བྱུང་བ།འཕེལ་རྒྱས་ཀྱི་སྤུས་ཀ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
     སྙན་ཞུའི་ནང་་བསྟན་དོན།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་རིམ་ནི་རང་རེའི་ཞིང་ཆེན་གྱིས་ནུབ་རྒྱུད་གསར་སྦོལ་ཆེན་པོའི་འཐབ་ཇུས་ལག་བསྟར་ཟབ་སྤེལ་བྱེད་པ་དང་མུ་མཐུད་ནས་གཉིས་ཇེ་མགྱོགས་སུ་གཏོང་བར་སྐུལ་སྤེལ།སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་དང་བཅོས་བསྒྱུར་སྒོ་ཕྱེ་ཟབ་སྤེལ་དང་།དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་པོ་བསྒྱུར་བའི་འགག་སྒྲོལ་གྱི་དུས་ཡིན་ལ།རང་རེའི་ཞིང་ཆེན་གྱིས་འཕེལ་རྒྱས་མགྱོགས་པོ་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་ཀྱང་ཡོད་པ་རེད།སྙན་ཞུའི་ནང་ད་རུང་བསྟན་དོན།དཔལ་འབྱོར་དངོས་ཤུགས་མངོན་གསལ་དུ་ཇེ་དྲགས་གཏོང་བ་དང་།དཔལ་འབྱོར་ཆགས་ཚུལ་ལེགས་སྒྲིག་བྱ་རྒྱུའི་ཐད་ཡར་ཐོན་ཆེན་པོ་ཡོང་བ་བྱེད་པ།སྤྱི་ཚོགས་འཛུགས་སྐྲུན་མངོན་གསལ་དུ་ཤུགས་སྣོན་རྒྱག་དགོས།མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཡོང་བ་བྱེད་དགོས།དངོས་ཁམས་ཁོར་ཡུག་མངོན་གསལ་དུ་ལེགས་བཅོས་གཏོང་བ།བཅོས་བསྒྱུར་སྒོ་ཕྱེ་ཐད་གཏོར་རྒལ་གསར་པ་ཡོང་བའི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་རིམ་གྱི་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་མངོན་འགྱུར་ཡོང་བ་བྱེད་དགོས།
     སྙན་ཞུའི་ནང་ནན་པོ་བསྟན་དོན།2011ལོའི་རང་རེའི་ཞིང་ཆེན་གྱིས་གཙོ་ཕྱོགས་གཅིག་དང་།གསུམ་ཟབ་སྤེལ།གསུམ་ཤུགས་སྣོན་གྱི་རྩ་བའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་འཕར་སྣོན་མཐོན་པོ་ཡོང་ཐབས་་བྱེད་པ་དང་།འཕེལ་རྒྱས་མགྱོགས་པོ་ཡོང་བའི་ལས་ཀའི་ནང་དོན་སྙིང་པོ་ཁོང་དུ་ཆུད་པ་བྱས་ནས་ཤུགས་ཆེན་པོས་མ་དངུལ་གཏོང་འཇོག་བྱ་རྒྱུར་སྐུལ་འཐེན་དང་།ཐོན་ལས་སྐྱོར་འདེགས་བྱེད་ཤུགས་ཇེ་དྲགས།གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ།རྣམ་པ་གསར་པའི་གྲོང་ཁུལ་ཅན་གྱི་གོ་རིམ་མགྱོགས་པོ་ཡོང་བ།བཅོས་བསྒྱུར་སྒོ་ཕྱེ་ཟབ་སྤེལ།ནུས་ཁུངས་གྲོན་ཆུང་དང་སྦག་བཙོག་ཉུང་འབུད་དང་སྐྱེ་ཁམས་འཛུགས་སྐྲུན།དམངས་འཚོ་འགན་ལེན་དང་ལེགས་བཅོས།དཔལ་འབྱོར་བརྟན་ཞིང་མགྱོགས་པོའི་ངང་འཕེལ་རྒྱས་ཡོང་བ་སྲུང་འཛིན་བཅས་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་སྟེ་་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་ལ་འགོ་ཡག་པོ་ཞིག་རྩོམ་རྒྱུར་ཁག་ཐེག་བྱེད་དགོས།
     རང་ཁུལ་གྱི་འཐུས་མི32གྲོས་ཚོགས་ནང་ཞུགས་ཡོད་པ་དང་།མི་སྣ25གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད།།
  • ལེ་ཚན་སྔོན་མ།:ཞིང་ཆེན་སྲིད་གྲོས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་གི་རོང་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལ་བརྟེན་ནས་མང་ཚོགས་སྔར་ལས་མང་པོས་འཚོ
  • དོ་སྣང་ཆེ་བའི་རྩོམ།