སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་གི་རོང་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལ་བརྟེན་ནས་མང་ཚོགས་སྔར་ལས་མང་པོས་འཚོ་བ་གསར་བ་རོལ་ཐུབ་པ་བྱུང་བ།
ཚེ་རིང་སྒྲོལ་མ མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-01-21
ཉིས་སྟོང་བཅུ་ལོར། སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་གིས་ཞང་བཅུ་གཅིག་གི་སྡེ་བ་ཉེར་བདུན་གྱི་གཏན་སྡོད་ས་ཚིགས་དང་གཏན་སྡོད་ཁང་བ་དང་སྤྱི་སྤྱོད་རྨང་གཞིའི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱས་ཚར་བ་དང་། ཁྱིམ་ཚང་སྟོང་གཅིག་དང་དགུ་བརྒྱ་དྲུག་ཅུ་རེ་གཅིག་གི་མི་སྟོང་དགུ་དང་བརྒྱད་བརྒྱ་དང་ལྔ་ལ་ཁེ་ཕན་ཐོབ། དེའི་ནང་གསར་དུ་འཛུགས་སྐྲུན་དང་ལེགས་བཅོས་བྱས་པའི་གཏན་སྡོད་ཁང་བ་སྟོང་གཅིག་དང་དགུ་བརྒྱ་དྲུག་ཅུ་རེ་གཅིག་ཡོད་པ་དང་། སྡེ་བའི་མང་ཚོགས་ཀྱི་བྱ་འགུལ་ལྟེ་གནས་ཉི་ཤུ་བཙུགས་ལ། རིག་གནས་ཐང་ཆེན་ཉེར་གཅིག་དང་། སྡེ་བའི་ནང་ཁུལ་དུ་གཞུང་ལམ་སྤྱི་ལེ་བརྒྱད་ཅུ་གྱ་ལྔ་དང་། གད་སྙིགས་ཕྱིར་བསྡུ་ས་བཞི་བཅུ་ཞེ་གཉིས་སོགས་ལས་ལ། གཏན་སྡོད་ཁང་བ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད། འཛམ་ཐང་རྫོང་གིས་བདེ་འཇགས་དང་དྲོད་སྐྱིད་ལྡན་པ། བྱེད་ནུས་ཆ་ཚང་བའི་བསམ་ཕྱོགས་རྒྱུན་འཁྱོངས་དང་། གཏན་སྡོད་ཁང་བའི་རྒྱུ་སྤུས་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ནས། སྔོན་ཆད་བཤིག་རལ་ཏུ་གྱུར་བའི་ཁང་བའི་ནང་སྡོད་པ་དང་གཏན་སྡོད་ཁང་བ་མེད་པའི་མང་ཚོགས་རྣམས་ད་ལྟ་བདེ་འཇགས་དང་། དྲོད་སྐྱིད་ལྡན་པ། དག་གཙང་ཡིན་པ། སྒྲིག་ཆས་ཆ་ཚང་བའི་སྡོད་ཁང་གསར་བའི་ནང་སྤར་ཏེ་འཚོ་བ་གསར་བ་རོལ་མགོ་བརྩམས།