ཞིང་ཆེན་སྲིད་གྲོས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས།

སྒྲོལ་མ་ཚེ་མཚོས་བསྒྱུར།        2011-01-20

     ལིའུ་ཆི་པའོ་དང་ཅང་ཅུས་ཧྥེང་།ལི་ཁྲུང་ཞི།ཝུའུ་ཁྲང་ཏེ་སོགས་ཚོགས་ཐོག་ཕེབས་ནས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས།
     ལིའུ་ཏའོ་ཕིང་དང་ཨ་རྒྱས་ཕུན་ཚོགས་སོགས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།རང་ཁུལ་གྱི་ཨུ་ཡོན23གྲོས་ཚོགས་ནང་ཞུགས།    ཟླ་བ་དང་པོའི་ཚེས16ཉིན་གྱི་ཆུ་ཚོད9པའི་ཐོག་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཐེངས་བཞི་པ་ཁྲེང་ཏུའུ་ཅིན་ཉིའུ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས།མཐུན་སྒྲིལ་དང་དམངས་གཙོ་ཡར་བརྩོན་བཅས་ཀྱི་རྣམ་པའི་ནང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁགའཐབ་ཕྱོགས་སོ་སོ་ནས་ཡོང་བའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྣམས་མཉམ་འཛོམས་བྱས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་ལ་མཉམ་དུ་ཇུས་འདོན་བྱས་པ་དང་སྟོབས་ཤུགས་གཅིག་སྒྲིམ་གྱིས་གྲུ་གཡོར་འགེལ་བའི་འཐབ་ལམ་གསར་པར་སྐུལ་མ་གཏོང་བ།     ཚོགས་ཆེན་གྱི་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་མཁན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐའོ་ཝུའུ་ཞན་དང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡན་ཡུང་ཧོ་སོགས་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཝུའུ་ཀའོ་ཧང་བཅས་ཡོད།     སི་ཁྲོན་ཞིང་ཆེན་དང་།ཁྲེང་ཏུའུ་དམག་ཁུལ་གྱི་འགོ་ཁྲིད་ལིའུ་ཆི་པའོ་དང་།ཅང་ཅུས་ཧྥེང་།ལི་ཁྲུང་ཞི།ཝུའུ་ཁྲང་ཏེ་སོགས་ཚོགས་ཆེན་ནང་ཞུགས་ནས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།ཚོགས་ཆེན་འགོ་ཚུགས་པའི་ལག་བསྟར་ཀྲུའུ་ཞི་ནི་ཐའོ་ཝུའུ་ཞན་དང་།ཡན་ཡུང་ཧོ།ཝུའུ་ཁྲང་ཏེ་སོགས་ཡོད་པ་།ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཡན་ཡུང་ཧོ་ཡིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ལས་ཀའི་སྙན་སེང་ཕུལ་བ།     ཡན་ཡུང་ཧོ་ཡིས་གསུངས་དོན།2010ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ལག་བསྟར་བྱས་པའི་མཇུག་མིའི་ལོ་ཞིག་ཡིན་ལ།རང་རེའི་ཞིང་ཆེན་གྱི་གནོད་སྐྱོན་ཐེབས་རྗེས་ཁྱིམ་གཞིས་བསྐྱར་འཛུགས་ཀྱི་ལོ་གསུམ་གྱི་དམིགས་ཡུལ་ལས་འགན་དེ་ལོ་གཉིས་ཀྱི་ནང་རྩ་བའི་ཐོག་གྲུབ་པའི་རྒྱལ་ཁ་ཐོབ་པའི་ལོ་ཞིག་ཀྱང་ཡིན་པས།ལོ་གཅིག་རིང་།ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་མཐུན་སྒྲིལ་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་མངོན་གསལ་དོད་པོ་བྱས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་གྱི་འགན་ནུས་ལག་བསྟར་ནན་ཏན་བྱས་པ།ཁྱོན་ཡོངས་ལ་ཞབས་འདེབས་ཞུ་བའི་ཁྲོད་དུ་ཁྱད་ཆོས་མངོན་གསལ་དོན་པ་བྱས་པ་དང་།སྒོ་ཀུན་ནས་འགན་ནུས་ལག་ལེན་བསྟར་རིང་སྤུས་ཀ་མཐོ་རུ་བཏང་ནས་རང་རེའི་ཞིང་ཆེན་གྱི་གཉིས་ཇེ་མགྱོགས་དང་དཔལ་འབྱོར་སྤྱི་ཚོགས་ཡག་ཅིང་མགྱོགས་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།ཡན་ཡུང་ཧོ་ཡིས་གསུངས་དོན།2011ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་ཀྱི་འགོ་ཚུགས་པའི་ལོ་ཞིག་ཡིན་ལ།རེས་སྐོར་གསར་པའི་ནུབ་རྒྱུད་གསར་སྦོལ་ཆེན་པོ་ལག་བསྟར་བྱེད་པའི་ལོ་ཞིག་ཀྱང་ཡིན་པ་རེད།ཞིང་ཆེན་སྲིད་གྲོས་ལས་ཀའི་སྤྱིའི་བླང་བྱ་ནི་སྒོ་ཀུན་ནས་ཀྲུང་གུང་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།ཐེངས་བཞི་པ།ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་དགུ་་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་ལག་བསྟར་བྱ་རྒྱུ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་པ་གསུམ་གྱི་དགོངས་པ་གལ་ཆེན་གྱིས་ཁྲིད་སྟོན་བྱ་རྒྱུ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ།ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ལས་ཀའི་བཀོད་སྒྲིག་ལྟར།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་བརྗོད་བྱ་གཙོ་བོ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་པོ་བསྒྱུར་བའི་གཙོ་ཕྱོགས་ལ་དམ་པོ་དམིགས་པ།ཞིང་ཆེན་ཡོངས་ཀྱི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ནས་དམངས་འཚོ་ལེགས་བཅོས་དང་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱས་ནས་རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་འགོ་ཡག་པོ་ཚུགས་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོསཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་རྒྱས་ཕུན་ཚོགས་ཀྱང་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།རང་ཁུལ་གྱི་ཞིང་ཆེན་སྲིད་གྲོས་ཨུ་ཡོན23གྲོས་ཚོགས་ནང་ཞུགས་ཡོད།
  • ལེ་ཚན་སྔོན་མ།:བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་དང་འཁྲབ་ཁྲིད་པ་གྲགས་ཅན་ལོའུ་ཁྲོན་གཉིས་ཀྱིས་ཡང་བསྐྱར
  • ལེ་ཚན་རྗེས་མ།: ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་གཟབ་རྒྱས་ངང་འཚོགས་འགོ་
  • དོ་སྣང་ཆེ་བའི་རྩོམ།