བོད་ཀྱི་སློབ་རའི་གློག་བརྙན༼གཟའ་ཉི་མ༽ཞེས་པ་ཕབ་སྐྲུན་བྱས་པ།

    བོད་ཀྱི་རྩོམ་རིག་དྲ་བ།    2011-01-19

 ཉེ་སྔོན།  བོད་རིགས་སློབ་ཆེན་སློབ་མས་རྩ་འཛུགས་བྱས་ཤིང་མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱིས་ཕབ་སྐྲུན་བྱས་པའི་སློབ་རའི་གློག་བརྙན༼ གཟའ་ཉི་མ ༽ཞེས་པ་དངོས་སུ་ཕབ་སྐྲུན་བྱས་ཚར་ཡོད།  བརྙན་ཐུང་འདི་ནི་མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱིས༼ ཕྱིར་འོང་མེད་པའི་ལོ་ཟླ ༽ཕབ་སྐྲུན་བྱས་རྗེས་ཀྱི་བོད་ཀྱི་སློབ་རའི་བརྙན་ཐུང་གཉིས་པ་ཡིན།   བརྙན་ཐུང་འདིར་བོད་རིགས་སློབ་ཆེན་སློབ་མ་ཞིག་གི་གཟའ་ཉི་མའི་གཏམ་རྒྱུད་གཞིར་བཟུང་ནས་ཁོ་དང་ཁོའི་ཁོར་ཡུག    ནང་སེམས་བཅས་དབར་གྱི་འགལ་བ་ཁུངས་སྣེ་བྱས་ཏེ་བོད་རིགས་སློབ་ཆེན་སློབ་མའི་འཚོ་བ་དངོས་ལ་ཟབ་འཇུག་བྱས་ཡོད་པས་བརྙན་རིགས་ལ་མོས་པ་ཡོད་མཁན་ཚོས་རྒྱབ་སྐྱོར་གནང་བའི་རེ་བ་ཡོད།   ད་ལྟ་སྒྲིག་སྤྱོར་བྱེད་བཞིན་པའི་སྒང་ཡིན་ལ་ད་ལོའི་ཟླ༢པའི་ནང་དངོས་སུ་ལེགས་འགྲུབ་ཡོང་ངེས་ཡིན།  
  • ལེ་ཚན་སྔོན་མ།:མཚོ་ཤར་ས་ཁུལ་གྱི་ཞིང་བའི་ཆེད་ལས་མཉམ་ལས་རྩ་འཛུགས་དྲུག་བརྒྱ་དང་དོན་གཉིས་ཀྱིས་ཞིང་བ་འབུམ་གཅིག་དང་ཁྲི་དྲ
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐའོ་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲིར་ཕེབས་པ།
  • དོ་སྣང་ཆེ་བའི་རྩོམ།