ཞའོ་ཡན། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-01-20
ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨོ་པ་མཱ་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཚེས་བཅོ་བརྒྱད་ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་བང་ཆི་ཧྲན་དང་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིན་ཅི་ཧྭ། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་བང་ཧུའུ་ཉིན། རྒྱལ་སྲིད་ཨུ་ཡོན་ཏེ་པིན་གོ ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་དབྱང་ཅེ་ཁྲི། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཕིན། ནོར་སྲིད་པུའུ་ཡི་པུའུ་ཀྲང་ཞེ་ཞུའུ་རིན། ཚོང་དོན་པུའུ་ཡི་པུའུ་ཀྲང་ཁྲིན་ཏི་མེན། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཁྲིན་ཧྲི་ཅུའུ་སོགས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་མཉམ་དུ་ཨ་མེ་རི་ཁར་འཚམས་འདྲིར་སོང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10