མཚོ་ཤར་ས་ཁུལ་གྱི་ཞིང་བའི་ཆེད་ལས་མཉམ་ལས་རྩ་འཛུགས་དྲུག་བརྒྱ་དང་དོན་གཉིས་ཀྱིས་ཞིང་བ་འབུམ་གཅིག་དང་ཁྲི་དྲུག་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱས་པ།

བསོད་ནམས་ལྷ་མོ    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-19

མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱིས་ཞིང་བའི་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སུ་གཏོང་བ་དེ་ཞིང་སྡེ་འཕེལ་རྒྱས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་ཞིང་བའི་ཡོང་སྒོ་འཕར་བར་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་བརྩིས་ནས་དུས་རྒྱུན་དུ་དམ་འཛིན་བྱས་པས་ས་ཁུལ་ཡོངས་ཀྱི་ཞིང་བའི་ཆེད་ལས་མཉམ་ལས་རྩ་འཛུགས་དེ་དེང་སྐབས་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་སར་གྱུར།
  2010ལོར་མཚོ་ཤར་ས་ཁུལ་ཡོངས་སུ་གསར་དུ་འཕེལ་རྒྱས་སུ་བཏང་བའི་ཞིང་བའི་ཆེད་ལས་མཉམ་ལས་རྩ་འཛུགས་ཉིས་བརྒྱ་དང་ང་དྲུག་ཡོད་ལ། མཚོ་ཤར་ས་ཁུལ་ཡོངས་སུ་བསྡོམས་པས་ཆེད་ལས་མཉམ་ལས་རྩ་འཛུགས་དྲུག་བརྒྱ་དང་དོན་བདུན་ཡོད། དེའི་ནང་བཟོ་ཚོང་སྡེ་ཁག་ལ་ཐོ་འགོད་བྱས་པའི་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་ལྔ་བརྒྱ་དང་སུམ་ཅུ་ཡོད། དམངས་སྲིད་སྡེ་ཁག་ལ་ཐོ་འགོད་བྱས་པའི་ཆེད་ལས་མཐུན་ཚོགས་བརྒྱ་དང་ཞེ་གཉིས་ཡོད། དེ་དག་གིས་ཞིང་བ་འབུམ་གཅིག་དང་ཁྲི་དྲུག་ལྷག་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱས་པ་དང་། དེ་དང་མཉམ་དུ་མཚོ་ཤར་ས་ཁུལ་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་དྲུག་ལ་ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང་གི་མཚན་སྙན་ཐོབ་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་བཅུ་དགུ་ལ་ས་གནས་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དུ་གཏན་འཁེལ་བྱས། 2010ལོར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་དབུལ་སྐྱོར་མ་དངུལ་སྒོར་མོ་ས་ཡ་དྲུག་དང་འབུམ་བཞི་བརྩོན་ལེན་བྱས།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་གནས་སྐབས་ཀྱི་དངོས་གོང་ཁ་གསབ་རོགས་དངུལ་སྒོར་མོ་ས་
  • ལེ་ཚན་རྗེས་མ།:བོད་ཀྱི་སློབ་རའི་གློག་བརྙན༼གཟའ་ཉི་མ༽ཞེས་པ་ཕབ་སྐྲུན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།