མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་གནས་སྐབས་ཀྱི་དངོས་གོང་ཁ་གསབ་རོགས་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་དགུ་ཁྲི་དགུ་བཏང་ནས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བ་ཐག་གཅོད་རོགས་བྱས་པ།

བདེ་སྐྱིད་འཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-19

ན་ནིང་ལོ་སྨད་དུ། ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་འཕར་བའི་རྒྱུ་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་མཁར་གྲོང་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་འཕར་བ་ཅུང་མགྱོགས་པ་དང་། གཟིགས་སྐྱོང་ཁ་གཏད་དང་། མཁར་གྲོང་གི་མ་མཐའི་འཚོ་བ། ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་གི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས་པས། དཔའ་ལུང་རྫོང་དམངས་སྲིད་ཅུའུ་ཡིས་རྒྱུན་ཆད་མེད་པར་སྤྱི་ཚོགས་རྒུད་སྐྱོབ་ཀྱི་ཆུ་ཚད་ཇེ་མཐོར་བཏང་བ་དང་། ཧུར་ཐག་གིས་ཞིང་ཆེན་དང་ས་གནས་ཀྱི་འབྲེལ་ཡོད་གནས་སྐབས་ཀྱི་དངོས་གོང་ཁ་གསབ་རོགས་དངུལ་སྟེར་བའི་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་དངོས་འབེབ་བྱས་ནས། མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ལ་སྟེར་ཐེངས་གཅིག་གིས་དངོས་གོང་ཁ་གསབ་སྒོར་མོ་ས་ཡ་གཉིས་དང་འབུམ་དགུ་ཁྲི་དགུ་བྱིན་ཏེ། རྫོང་དང་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བ་ཐག་གཅོད་རོགས་བྱས།
  • ལེ་ཚན་སྔོན་མ།:ཉིན་འདི་འགར་མཚོ་སྔོན་གྱི་ས་ཁུལ་སྐོར་ཞིག་ལ་ཁངས་འབབ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:མཚོ་ཤར་ས་ཁུལ་གྱི་ཞིང་བའི་ཆེད་ལས་མཉམ་ལས་རྩ་འཛུགས་དྲུག་བརྒྱ་དང་དོན་གཉིས་ཀྱིས་ཞིང་བ་འབུམ་གཅིག་དང་ཁྲི་དྲ
  • དོ་སྣང་ཆེ་བའི་རྩོམ།