ཉིན་འདི་འགར་མཚོ་སྔོན་གྱི་ས་ཁུལ་སྐོར་ཞིག་ལ་ཁངས་འབབ་རྒྱུ་ཡིན་པ།

བསོད་ནམས་ལྷ་མོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-17

མ་འོངས་པའི་ཉིན་འགའི་ནང་མཚོ་སྔོན་གྱི་ནམ་ཟླ་ཇེ་འཁྱགས་སུ་འགྲོ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་སྡེ་ཁག་གིས་སྔོན་དཔག་བྱས་ནས་བསྒྲགས་པའི་གནམ་གཤིས་གནས་ཚུལ་གསར་བ་ལྟར་ན། ཚེས་བཅུ་བདུན་ཉིན། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོའི་ལྷོ་ཕྱོགས་བཅས་ལ་ཁངས་ཆུང་ཆུང་འབབ་པ་དང་། དེའི་ནང་མགོ་ལོག་གི་ལྷོ་ཕྱོགས་སུ་ཁངས་འབྲིང་ཙམ་འབབ་རྒྱུ་རེད། ཚེས་བཅུ་བདུན་ཉིན་གྱི་དགོང་མོ་ནས་ཚེས་བཅོ་བརྒྱད་ཉིན་བར་མགོ་ལོག་གི་ལྷོ་ཕྱོགས་སུ་ཁངས་ཆུང་ཆུང་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་པ་དང་མཚམས་མཚམས་སུ་གནམ་ཐང་རྒྱུ་རེད། ཚེས་བཅོ་བརྒྱད་ཀྱི་དགོང་མོ་ནས་ཚེས་བཅུ་དགུའི་ཉིན་བར་ཡུས་ཧྲུའུ་ཡི་ལྷོ་ཕྱོགས་དང་མགོ་ལོག རྨ་ལྷོའི་ལྷོ་ཕྱོགས་སུ་ཁངས་ཆུང་ཆུང་འབབ་རྒྱུ་རེད། གནམ་གཤིས་ཆེད་མཁས་པས་འབྲེལ་ཡོད་སྡེ་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱིས་གྲང་ངར་འགོག་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་གསལ་བརྡ་བཏང་།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས2011ལོར་ཁྱད་ཆོས་ཡོད་པའི་ཁྱད་སྟོབས་ཐོན་ལས་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་གནས་སྐབས་ཀྱི་དངོས་གོང་ཁ་གསབ་རོགས་དངུལ་སྒོར་མོ་ས་
  • དོ་སྣང་ཆེ་བའི་རྩོམ།