བོད་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་རྒྱལ་པོ》ཡི་གླུ་གར་འཁྲབ་སྟོན་དེ་ཟླ་བ1པའི་ཚེས14ནས་18བར་ཁྲེན་ཏུའུ་ཅིན་ཧྲ་སྔོན་ཤུལ་དངོས་མང་བཤམས་སྟོན་ཁང་གི་འཁྲབ་ར་རུ་འཁྲབ་སྟོན་བྱ་རྒྱུ་རེད།

    ཞིན་ཧྭ་གསར་འགྱུར་ཁང་།    2011-01-14

ཤར་ཕྱོགས་ཀྱི་ལོ་རྒྱུས་སྙན་རྩོམ་ཆེན་མོ་ཧའོ་མ་ཞེས་པའི་མཚན་སྙན་ལྡན་པའི་བོད་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་རྒྱལ་པོ》ཡི་གླུ་གར་འཁྲབ་སྟོན་དེ་ཟླ་བ1པའི་ཚེས14ནས་18བར་ཁྲེན་ཏུའུ་ཅིན་ཧྲ་སྔོན་ཤུལ་དངོས་མང་བཤམས་སྟོན་ཁང་གི་འཁྲབ་ར་རུ་འཁྲབ་སྟོན་བྱ་རྒྱུ་པ་མ་ཚད་ཐེངས་དང་པོར་རྒྱ་སྐད་ཁོ་ནས་འཁྲབ་རྒྱུ་ཡིན་པ་རེད།
     《གེ་སར་རྒྱལ་པོ》ཡི་རྩོམ་སྒྲིག་འཁྲབ་ཁྲིད་པ་བསྟན་འཛིན་རྡོ་རྗེས2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་《གེ་སར་རྒྱལ་པོ》མིའི་རིགས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་རྫས་ཀྱི་མིང་ཐོ་རུ་བཀོད་པའི་ཆོག་མཆན་གནང་བ་རེད།ད་ཐེངས་ང་ཚོས་ཚོན་རིས་རྡོ་བརྐོས་དང་།འོ་འཆམ།གཡག་འཆམ།
     འབག་འཆམ་སོགས་དངོས་མིན་རིག་གནས་ཤུལ་རྫས་དང་གེ་སར་རྒྱལ་པོའི་རྟོགས་བརྗོད་སྙན་རྩོམ་ནང་གི་ཕྱུགས་རིགས་སྤོ་འཚོའི་རིག་གནས་ཀྱི་རྒྱུ་ཆ་རྣམས་སྦྲེལ་སྦྱོར་ལེགས་པོར་བྱས་ཏེ་སྒྲུང་མཁན་རྒས་པོའི་སྐད་སྒྲ་དང་གླུ་སྒྲ།མཚར་སྡུག་ལྡན་པའི་འཁྲབ་གཞས་བཅས་ཀྱི་ཁྲོད་དུ་གནའ་དུས་ཕྱུགས་རིགས་སྤོ་འཚོའི་མི་རིགས་ཤིག་གི་གཏམ་རྒྱུད་འཚོལ་སྙེག་བྱེད་ཀྱིན་ཡིན་ཞེས་གསུངས་པ་རེད།སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་བོད་རིགས་ཟློས་གར་ཁང་གི་འགན་ཁུར་བ་ལྷ་མཚོས་ངོ་སྤྲོད་བྱས་པ་ལྟར་ན།ཐེངས་འདིར་འཁྲབ་སྟོན་བྱ་བའི་《གེ་སར་རྒྱལ་པོ》དང་དེ་སྔོན་རྩྭ་ཐང་དུ་འཁྲབ་སྟོན་བྱས་པ་ཕན་ཚུན་བསྡུར་བ་ཡིན་ན་ཐེངས་འདིའི་འཁྲབ་སྟོན་ནི་དེའི་ཨ་སྙིང་ནང་གི་ཡང་སྙིང་ལྟ་བུ་ཡིན་པ་མ་ཚད་ཐེངས་དང་པོར་རྒྱ་སྐད་ཁོ་ནས་འཁྲབ་སྟོན་བྱ་རྒྱུ་ཡིན་པས་གསར་བསྐྲུན་གྱི་རྒྱུ་ཆ་ཡང་མི་ཉུང་བ་ལྡན་པ་རེད།
 
  • ལེ་ཚན་སྔོན་མ།:ཀོང་ཞི་ཡིས་ཀྲུང་དབྱང་གིས་དྭ་ཕྲུག་གི་རྩ་བའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར1.685བཀྲམ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས2011ལོར་ཁྱད་ཆོས་ཡོད་པའི་ཁྱད་སྟོབས་ཐོན་ལས་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།