ཀོང་ཞི་ཡིས་ཀྲུང་དབྱང་གིས་དྭ་ཕྲུག་གི་རྩ་བའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར1.685བཀྲམ།

ཡེ་མིང་གིས་བསྒྱུར།        2011-01-11

ཞིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་བ་དང་པོའི་ཚེས4ཉིན་འབྱོར་བའི་གཏམ་གསར།ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་རྒྱུར།ཉེ་ཆར་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མགྱོགས་མྱུར་དུ་ཀྲུང་དབྱང་གིས་དྭ་ཕྲུག་ལ་ཁ་གསབ་རོགས་སྐྱོར་བྱས་པའི་གཞི་རྩའི་འཚོ་བའི་འགན་སྲུང་གི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར1.685གཏོང་འགྲེམ་བྱས་ནས་དྭ་ཕྲུག38917ལ་རོགས་སྐྱོར་བྱ་རྒྱུ་རེད།དེའི་དྭ་ཕྲུག་ལས་ཁུངས་ཀྱི་དྭ་ཕྲུག2745ཡོད་པ་དང་།ཐར་ཐོར་གནས་པའི་དྭ་ཕྲུག36172ཡོད་པ་རེད།
     ཀྲུང་དབྱང་གིས་དྭ་ཕྲུག་ལ་རོགས་སྐྱོར་བྱས་གཞི་རྩའི་འཚོ་བའི་འགན་སྲུང་གི་ཆེད་སྤྱོད་མ་དངུལ་ནི་ཕ་མ་གཉིས་ཀ་ཤི་བའི་ལོ་ནར་མ་སོན་པའི་གཞི་རྩའི་འཚོ་བའི་ཐད་སྤྱོད་རྒྱུ་ཡིན་ཞིང་།དེ་ནི་ཀྲུང་དབྱང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་ཆུ་ཚད་དང་།བྱིས་པ་འཚར་ལོངས་བྱུང་བའི་ཁྲོད་ཀྱི་དགོས་མཁོ་དང་རྒྱུ་ཤུགས་ཀྱི་གནས་ཚུལ་ལ་གཞིགས་ནས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཆུ་ཚད་དེ་ས་གནས་དེ་གའི་ཆ་སྙོམས་ཀྱི་འཚོ་བའི་ཆུ་ཚད་ལས་མི་དམའ་བ་བྱ་རྒྱུའི་རྩ་དོན་ལྟར།ཀྲུང་དབྱང་ནོར་སྲིད་ཀྱིས་ཟླ་བ་རེར་མི་རེར་སྒོར360ཡིས་ཚད་གཞི་བྱས་ཏེ་དྭ་ཕྲུག་ཚོར་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།: ཉིང་ཞ་ཡིས་སྒྲིག་ཆས་ཞིང་ལས་ཀྱིས་དགུན་དུས་ཀྱི་སྔོ་ཚལ་འདོན་སྤྲོད་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:བོད་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་རྒྱལ་པོ》ཡི་གླུ་གར་འཁྲབ་སྟོན་དེ་ཟླ་བ1པའི་ཚེས14ནས་18བར་ཁྲེ
  • དོ་སྣང་ཆེ་བའི་རྩོམ།