2010ལོར་ནག་སོག་གིས་གཞུང་ལམ་སྤྱི་ལེ6500གསར་སྣོན་བྱས།

        2011-01-10

ཞིན་ཧྭ་གསར་འགྱུར་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་བ་དང་པོའི་ཚེས3ཉིན་འབྱོར་བའི་གཏམ་གསར།འདས་པའི་ལོ་གཅིག་གི་ནང་ནང་སོག་རང་སྐྱོང་ལྗོངས་ཀྱི་སྔར་ལྷག་གིས་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་མཐར།ལོ་ཧྲིལ་པོར་གཞུང་ལམ་སྤྱི་ལེ6500གསར་སྣོན་བྱས་པས་མ་ཚད།ཁྲི་ཧྥེང་ནས་ཁྲེན་ཏེ་སོགས་ཁྱིམ་མཚེས་ཞིང་ཆེན་དང་འབྲེལ་བ་བྱེད་སའི་རིམ་པ་ལྡན་པའི་གཞུང་ལམ9ལས་འགོ་ཚུགས་པ་རེད།
     ནང་སོག་རང་སྐྱོང་ལྗོངས་ཀྱིས་ཁྱིམ་མཚེས་ཞིང་ཆེན8ལ་འགྲོ་སའི་གཞུང་ལམ་གྱིས་ས་གནས་རང་ཉིད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་དམངས་ཀྱི་འཚོ་ཐད་ཀར་ཤུགས་རྐྱེན་ཐེབས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔར་ནང་སོག་གིས་ཕྱི་རུ་བསྲིངས་པའི་མྱུར་བགྲོད་གཞུང་ལམ14བསྐྲུན་རྒྱུའི་འཆར་འགོད་བྱས་དང་བྱེད་པ་ཡིན་ཞིང་།གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ2481ཡོད་པ་དེ་ལྗོངས་ཡོངས་ཀྱི་ས་ཁུལ12ཕན་ཐོགས་པ་དང་པེ་ཅིན་ད་ཐེན་ཅིན་སོགས་ཁྱིམ་མཚེས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཆེན་པོ8དང་སྦྲེལ་མཐུད་བྱས་ཡོད་པ་རེད།ལྗོངས་དེའི་ཕྱིར་འགྲོ་སའི་གཞུང་ལམ14དེ་སྔོན་བཀོད་ཀྱི་འཛུགས་སྐྲུན་འཆར་གཞི་ཕུད་ཁ།དེ་མིན་འཛུགས་སྐྲུན་བྱེད་གྲབས་ཡོད་པའི་རྣམ་གྲངས་ཚང་མ་ལས་འགོ་བཙུགས་ཡོད་པ་རེད།
 
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་གཏིང་ཟབ་པོས་ཞིང་འབྲོག་དམངས་ཀྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ནས་ཕལ་ཆེར་ལོ་ངོ་སུམ་སྟོང་ལྷག་གི
  • དོ་སྣང་ཆེ་བའི་རྩོམ།