བོད་ལྗོངས་ཀྱིས་གཏིང་ཟབ་པོས་ཞིང་འབྲོག་དམངས་ཀྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་བཏང་།

ཡེ་མིང་གིས་བསྒྱུར།        2011-01-10

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ་དང་པོའི་ཚེས3ཉིན་འབྱོར་བའི་གཏམ་གསར།2006ལོ་ནས་འགོ་ཚུགས་ཏེ་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་པའི་སྡོད་ཁང་ལེགས་བཅོས་དང་རུ་སྤོ་བའི་འབྲོག་དམངས་གཞིས་ཆགས་བདེ་སྡོད་ཁང་པ་བསྐྲུན་པའི་ལག་ལེན་བསྟར་བ་རེད།བསྡོམས་རྩིས་བྱས་པར་གཞིགས་ན2010ལོར་བོད་ལྗོངས་ཀྱི་ཞིང་འབྲོག་དམངས་ཀྱི་བདེ་སྡོད་ལས་གྲྭས་ལྗོངས་ཡོངས་ཀྱི་དུད་ཚང་ཁྲི27.48ཀྱི་ཞིང་འབྲོག་དམངས་ཁྲི140ལ་ཁྱབ་པ་རེད།
     “ད་ལྟ་སྲིད་གཞུང་གིས་ང་ཚོར་སྡོད་ཁང་འགེབ་སའི་ཁ་གསབ་རོགས་དངུལ་སྟེར་བས་ཚད།སྙོམས་ཤིང་ཡངས་པའི་གཞུང་ལམ་བསྐྲུན་པ་དང་གསལ་ཆ་ཆེ་བའི་ལམ་སྒྲོན་སྒྲིག་སྦྱོར་བྱས་ཡོད་པ་དང་།དྭངས་ཤིང་གཙང་བའི་འཐུང་ཆུ་ཁྱིམ་དུ་འཁྲིད་ཡོད་པས་འཚོ་བའི་སྤུས་ཀ་དངོས་གནས་བཟང་པོ་རེད”ཅེས་ཕུར་བུ་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་ནས་སྨྱུག་འཛིན་པར་ཁ་བརྡ་ལབ་ཞོར་དུ་དེ་ལྟར་བཤད།ཁ་བརྡ་ལབ་ཞོར་དུ་ཤེས་རྟོགས་བྱུང་རྒྱུར།ད་ལྟ་ཕུར་བུ་ཚེ་རིང་གིས་ལོ་གཅིག་ལ་སྐྱེལ་འདྲེན་བྱེད་པ་ཁོ་ནའི་ཡོང་འབབ་སྒོར་ཁྲི5ནས་སྒོར་ཁྲི6རག་པ་རེད།
     2010ལོའི་ཟླ་བ10པའི་ཟླ་མཇུག་གི་བར་དུ་སླེབས་སྐབས།བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར2.7བཏང་ནས་གསར་དུ་འགེབ་པའི་ཞིང་འབྲོག་དུད་ཚང41000སྡོད་ཁང་ལ་འགུལ་འགོག་སྲ་བརྟན་བྱས་ཚར་ཡོད་པ་རེད།མིག་སྔར།བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་བདེ་སྡོད་ལས་བརྩོན་ནས་རྒྱུན་མཐུད་འཕེལ་རྒྱས་གཏོང་ཆོག་པའི་རྣམ་པ་ཞིག་ཆགས་ཡོད་པར་བརྟེན།ཁོ་ཚོའི་ཐོན་སྐྱེད་འཚོ་བའི་ནང་དོན་ཕུན་སུམ་ཚོགས་པོ་ཡིན་པ་རེད།
     ད་ལོ་ནས་འགོ་ཚུགས་ཏེ།བོད་ལྗོངས་ཀྱིས་ལོ3གྱི་དུས་ཚོད་སྤྱོད་ནས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་ཞིང་འབྲོག་དམངས་ཀྱི་བདེ་སྡོད་ལས་གྲྭ་བསྐྲུན་རྒྱུའི་འཆར་གཞིའི་ནང་བཞག་མེད་པའི་དེའི་སྔོན་སྡོད་ཁང་གི་ཆ་རྐྱེན་ཅུང་ཡག་པའི་དུད་ཚང་བརྒྱ་ཆ30དང་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་ཚུན་གསར་སྣོན་བྱུང་བའི་དུད་ཚང་ཁྲི6.77གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་གྲུབ་པ་བྱ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས
  • ལེ་ཚན་རྗེས་མ།: 2010ལོར་ནག་སོག་གིས་གཞུང་ལམ་སྤྱི་ལེ6500གསར་སྣོན་བྱས།
  • དོ་སྣང་ཆེ་བའི་རྩོམ།